བོད་ལྗོངས་ཀྱི་རྩྭ་ས་ཇེ་ཞན་དུ་གྱུར་པས་མུའུ་ཁྲིའི་ལྗང་འཛུགས་སྤྱི་ཕན་ལས་གཞིའི་འགོ་ཚུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-04-22

བོད་ལྗོངས་ཀྱི་རྩྭ་ས་ཇེ་ཞན་དུ་གྱུར་པས་མུའུ་ཁྲིའི་ལྗང་འཛུགས་སྤྱི་ཕན་ལས་གཞིའི་འགོ་ཚུགས་པ།
མདོ་དབུས་མཐོ་སྒང་གི་རྩྭ་ས་ཚབས་ཆེན་པོར་ཇེ་ཞན་དུ་གྱུར་པ།

  ཉེ་ཆར་མདོ་དབུས་མཐོ་སྒང་གི་མུའུ་ཁྲིའི་ལྗང་འཛུགས་ཏེ་ལི་ཧྲི•ཁ་ཏག་སྔོ་ལྗང་གི་བྱེད་སྒོ་ཞེས་པའི་སྤྱི་ཕན་ལས་གཞིའི་འགོ་བརྩམས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་ལས་གཞི་འདིས་མ་འོངས་པའི་ལོ་གསུམ་གྱི་རིང་ལ་མུའུ་ཁྲི1ལ་རྩི་ཤིང་གི་རིགས་བཙུགས་ནས། མདོ་དབུས་མཐོ་སྒང་གི་རྩི་ཤིང་གི་ཁེབས་ཚུལ་ཇེ་ཞན་དུ་འགྱུར་བའི་གནས་ཚུལ་བཅོས་བསྒྱུར་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པ་རེད།
  རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀྱི་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར12.44ཡོད་ཅིང་། དེའི་ཁྲོད་རྩྭ་ས་ཕྱེད་ཀའི་ཡན་ཇེ་ཞན་དུ་གྱུར་པ་དང་། 1/10ཡི་རྩྭ་ས་བྱེ་མར་གྱུར། རང་སྐྱོང་ལྗོངས་ཡོངས་སུ་ཇེ་ཞན་དུ་གྱུར་ནས་ཕྱུགས་ཟོག་འཚོ་མི་ཐུབ་པའི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི1.7ལ་བསླེབས་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིན་གྱིསH7N9སྔོན་འགོག་ཚོད་འཛིན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10