ལིས་ཁི་ཆང་གིས་ཡ་ཨན་ས་ཡོམ་ཐད་ཆུ་ཚོད24ཡི་མི་སྐྱོབ་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་དགོས་ཞེས་གསུངས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྤྱི་ཟླ4བའ་ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད1པོ་དང་སྐར་མ15ཡི་ཐོག་གནམ་གྲུར་བཞུགས་ནས་སི་ཁྲོན་ཡ་ཨན་ལུའུ་ཧྲན་རྫོང་གི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད། ཀྲུང་གོའི་འཕྲིན་ལམ་གྱི་གསར་འགོད་པ་ཧྥེང་གཡོས་དང་། ལིའུ་གཡོས་ཀྱིས་ཆེད་གཏོང་གནམ་གྲུ་དང་མཉམ་དུ་གནོད་འཚེ་ཕོག་ཁུལ་དུ་བཅར་འདྲིར་བསྐྱོད་ཡོད་པ་རེད། ལི་ཁེ་ཆང་གིས་མིག་སྔར་ཡོམ་འགོག་གནོད་སེལ་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཆུ་ཚོད24ཡི་མི་སྐྱོབ་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་མུ་མཐུད་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་གཏོང་སྤེལ་བྱས་ནས། གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་མཁའ་ཐོག་གི་ཚེ་སྲོག་འགྲོ་ལམ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། སི་ཁྲོན་གྱི་ས་ཁུལ་ཁག་ཏུ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ཀྲུང་གོའི་འཕྲིན་ལམ་ཉན་པའི་འཕྲིན་ལམ་ཨང་གྲངས་ནི་ཡན་ཨན་དུFM99.8དང་། ཁྲེན་ཏུརFM103.7མན་ཡང་དུFM95.1ཀོང་ཨན་དུFM99.1པ་ཀྲུང་དུFM93.2རྔ་བ་ཁུལ་དུFM99.0དཀར་མཛེས་ཁུལ་དུFM91.3བཅས་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་ལ་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོད་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིན་གྱིསH7N9སྔོན་འགོག་ཚོད་འཛིན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།