མཚོ་སྔོན་གྱིས་ཞིང་འབྲོག་ལས་རིགས་ལ་ཉེན་འགོག་འགན་སྲུང་བྱས་ཏེ་དུད་ཚང་ཁྲི2ལྷག་ལ་ཁེ་ཕན་ཐོབ།

(མིག་དམར་གྱིས་བསྒྱུར།)        2013-04-18

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ལས་རིགས་ཀྱི་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་རྒྱུར། མཚོ་སྔོན་གྱིས་སྲིད་ཇུས་རང་བཞིན་གྱི་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་སྲུང་ལས་ཀར་སྐུལ་འདེད་ཤུགས་ཆེར་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བར་སྲུང་སྐྱོང་བྱས་ཏེ་ཞིང་འབྲོག་མི་དམངས་ཀྱི་དུད་ཚང་ཁྲི12ལྷག་ལ་ཁེ་ཕན་ཐོབ་པ་རེད། 2012ལོའི་ལོ་འགོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་ཁ་བའི་གནོད་སྐྱོན་ཐེབས་ཏེ་ཕྱུགས་ཟོག་ཁྲི1.57ལྷག་ཤི་བ་དང་མི་ཁྲི1.2ལ་གནོད་སྐྱོན་ཐེབས། ཞིང་འབྲོག་ལས་རིགས་ལ་ཉེན་འགོག་འགན་སྲུང་ཡོད་པས་ངེད་ཚང་ལ་གྱོ ང་གུད་མང་པོ་ཐེབས་མ་བྱུང་ཞེས་རྨ་ལྷོ་རྫོང་ཡིའུ་ཀན་ལིན་གྲོང་རྡལ་ཨ་མུའུ་ཧུའུ་གྲོང་གསེབ་ཀྱི་སོག་རིགས་འབྲོག་པ་པད་མ་མཚོས་བཤད་པ་རེད། གངས་སྐྱོན་ནང་ཁོ་ཚང་གི་འབྲི་གཡག6དང་ལུག10བཅས་འཁྱགས་ཤི་ཐེབས་ཀྱང་ནོར་ལུག་ལ་ཉེན་འགོག་འགན་སྲུང་བྱས་ཡོད་པས་ཁྱོན་བསྡོམས་སྒོར་ཁྲི1.5གསབ་དངུལ་སྤྲད་པར་ཐོབ་སྟེ་ཁ་བའི་གནོད་ཐེབས་ཉུང་འཕྲི་བཏང་ཡོད་པ་རེད། 2007ལོར་མཚོ་སྔོན་གྱིས་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་གྱི་རྫོང3ལ་འདེབས་འཛུགས་ལས་རིགས་ཉེན་འགོག་འགན་སྲུང་དང་རིན་པ་ཁ་གསབ་བྱེད་པའི་ཚོད་ལྟ་ལས་ཀ་སྤེལ་ཞིང་། 2011ལོར་རྨ་ལྷོ་རྫོང་དུ་ཡང་ནོར་ལུག་གསོ་སྤེལ་ལས་རིགས་ཀྱི་ཉེན་འགོག་འགན་སྲུང་གི་ཚོད་ལྟ་ལས་ཀ་སྤེལ་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་སྲུང་དེ་ཁྱོན་བསྡོམས་རྫོང17དང་རྒྱལ་ཁབ་ལ་དབང་བའི་ཞིང་འབྲོག་ར་བ5ལ་ཁྱབ་ཡོད། ཉེན་འགོག་འགན་སྲུང་ལ་ཞུགས་པའི་ཞིང་འབྲོག་གི་དུད་ཚང་ཁྲི12.2ལ་ཟིན་ཞིང་། ཁ་གསབ་ཀྱི་གཞི་ཁྱོན་དེ་ཞོག་ཁོག་དང་ཡུངས་དཀར། གྲོ   འབྲི་གཡག   ལུག  ནགས་ཚལ་སོགས་ཁྱོན་བསྡོམས་སྣ་ཁ12འདུས་ཤིང་རིམ་པ་ཁག་གི་ནོར་སྲིད་ཀྱིས་བརྒྱ་ཆ80ནས་བརྒྱ་ཆ95ཡི་ཚད་གཞི་ལྟར་ཉེན་འགོག་འགན་སྲུང་གི་ཁ་གསབ་མ་དངུལ་སྤྲོད་རྒྱུའི་འགན་ཁུར་དགོས་པ་དང་།  ཞིང་འབྲོག་དུད་ཚང་སྒེར་གྱིས་བརྒྱ་ཆ5ནས་བརྒྱ་ཆ20ཡི་ཉེན་འགོག་འགན་སྲུང་གི་གྲོན་དངུལ་ལས་སྤྲོད་མི་དགོས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན།  2012ལོར་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ལས་རིགས་ཀྱི་ཉེན་འགོག་འགན་སྲུང་གི་གནོད་སྐྱོན་ཐེབས་པར་སྒོར་ཁྲི6522.5གུན་གསབ་བྱས་པས་འབྲོག་པའི་དུད་ཚང་ཁྲི3.3ལ་ཁེ་ཕན་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མ
  • ལེ་ཚན་རྗེས་མ།:ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ཚད་རིམ་བདུན་གྱི་ས་འགུལ་བྱུང་བ་དང་ཁྲིན་ཏུའུ་སོགས་ས་
  • དོ་སྣང་ཆེ་བའི་རྩོམ།