དཀར་མཛེས་རྫོང་གི་བསམ་ཕྱོགས་གསར་པས་འཕེལ་རྒྱས་གསར་པ་ཡོང་བར་ཁྲིད་སྟོན་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-04-18

ད་ལོར། དཀར་མཛེས་རྫོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བསམ་ཕྱོགས་གསར་གཏོད་བྱས་ནས་“གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་གཏོང་བ་དང་། ཀ་སྐྱོར་ཐོན་ལས་གསོ་སྤེལ་བྱ་རྒྱུ། སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱ་རྒྱུ། འཆམ་མཐུན་གྱི་དཀར་མཛེས་འཛུགས་སྐྲུན་བྱ་རྒྱུ”བཅས་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ཐོག་ཁྱོན་ཡོངས་ནས་“འགག་རྩ་གཉིས་”གསར་སྐྲུན་དང་། “རྟེན་གཞི་གསུམ”འཛུགས་སྐྱོང་། “ཐོན་ལས་ཆེན་པོ་བཞི”གསོ་སྤེལ། “ལྟེ་གནས་ལྔ”འཛུགས་སྐྲུན་བཅས་བྱ་རྒྱུ་རེད།
   དེར་བརྟེན། དཀར་མཛེས་རྫོང་གིས་སྔར་ལྷག་གིས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀ་ཡག་པོ་འཛིན་པ་དང་། ཚོང་འགུག་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག  སྔར་ལྷག་གིས་བྱེད་ཐབས་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དོན་འཁྱོལ་གྱི་ལས་ཀ་དམ་འཛིན་བྱེད་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཡིན་ན་འདྲ། འཛུགས་སྐྲུན་བྱེད་འགོ་ཚུགས་གྲབས་ཡོད་པའི་རྣམ་གྲངས་ཡིན་ན་འདྲ། ཚང་མར་སྐུལ་འདེད་ཇེ་མགྱོ གས་སུ་བཏང་ནས་མགྱོ གས་མྱུར་དུ་འཛུགས་སྐྲུན་གྱི་ཚ་རླབས་ཆེན་པོ་ཞིག་སློང་དགོས་པ་དང་། ཁྱད་པར་དུ་གཙོ་གནད་ཀྱི་རྣམ་གྲངས་འགའ་དང་གལ་ཆེའི་རྣམ་གྲངས་ཀྱི་ལས་འགན་མིའི་ཐོག་ལ་དོན་འཁྱོལ་བྱས་ནས། མུ་མཐུད་དེ་འགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། རྣམ་གྲངས་གཅིག་ལ་འགོ་ཁྲིད་གཅིག་བཀོད་སྒྲིག་བྱ་རྒྱུ་དང་མགྱོ གས་མྱུར་དུ་ལས་ཀ་ཁག་བགོས་ཏེ་ལས་མཇུག་མ་རྫོགས་ཀྱི་བར་དུ་ལས་ཀ་དམ་འཛིན་བྱས་པས་གྲུབ་འབྲས་ཐོབ་ཐུབ་པ་བྱེད་པ། དཀའ་གནད་ཅུང་ཆེ་བའི་རྣམ་གྲངས་ལ་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ནས་མ་དངུལ་འཇོག་སའི་འཕེལ་རྒྱས་ཀྱི་ཁོར་ཡུག་དངོས་སུ་ཡག་པོ་བསྐྲུན་པ་རེད།
   ལས་ཀའི་གཙོ་གནད་ཐད་བཤད་ན། རྫོང་དེས་ཞིང་འབྲོག་གི་གཙོ་ཁྲིད་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་ལས་རིགས་ཀྱི་ཚན་རྩལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས། དམིགས་ཚད་མཐོ་བའི་ས་ཞིང་དཔེ་སྟོན་ས་ཁུལ་དང་། ཞིང་ལས་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་ཚད་ལེན་གྱི་ལྟེ་གནས། ཞིང་པ་དང་འབྲེལ་བའི་ཤང་དང་གྲོང་རྡལ་གྱི་ཕྱུགས་ནད་སྨན་བཅོས་ས་ཚུགས་ཀྱི་རིམས་འགོག་སྨན་ཁབ་གསོག་ཉར་བྱེད་ས17དང་། ནོར་ཕྱུགས་དང་བྱ་རིགས་ཀྱི་རྒྱུད་བཟང་གསོ་སྤེལ་ལག་རྩལ་ཁྱབ་སྤེལ་གཏོང་ས་བཅས་འཛུགས་སྐྲུན་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཁུལ་བྱང་ཕྱོགས་ཀྱི་ལྟེ་བའི་གྲོང་རྡལ་འཛུགས་སྐྲུན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྫོང་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་བཅས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བར་མ་ཟད། ཆ་འཕྲིན་ཞབས་ཞུ་བྱེད་སའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། དམངས་འཚོའི་ལས་ཀ་སྔོན་དུ་སྤེལ་རྒྱུ་རྒྱུན་འཁྱོངས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཇེ་མགྱོ གས་སུ་བྱས་ནས་དབུལ་སྐྱོར་གསར་སྦོལ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲོག་པའི་གཞིས་ཆགས་བྱ་ཡུལ་གྱི་ཆ་རྐྱེན་མཐོ་རུ་གཏོང་རྒྱུའི་ཨར་ལས་ལག་བསྟར་བྱས་ནས་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་གཏིང་ཟབ་སྤེལ་བ། སྔོན་ཚུད་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་གཞག་འཕེལ་རྒྱས་གཏོང་གང་ཐུབ་བྱས་ནས་རིག་གནས་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་བྱེད་པ།སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་དོ་དམ་ཡོང་བར་ཤུགས་སྣོན་དང་གསར་སྐྲུན་བྱས་ནས་དཀར་མཛེས་རྫོང་དེ་ཁུལ་ཡོངས་ཀྱི་གསུམ་ཅན་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་རང་བཞིན་གྱི་དཔེ་སྟོན་རྫོང་དུ་འགྱུར་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭས་ཁྱིམ་ཚང་ཀུན་ཏུ་གློག་སྒྲོན་གསལ།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ལྗོངས་རྒྱུ་རིག་གནས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།