ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭས་ཁྱིམ་ཚང་ཀུན་ཏུ་གློག་སྒྲོན་གསལ།

(ལྷ་འཛོམས་ཀྱིས།)        2013-04-18

རང་ཁུལ་བྱང་རྒྱུད་གྱི་འབྲོག་ཁུལ་དུ་མར་མེ་དང་སྒྲོན་མེ།ལྕི་བ་འབུད་པ་སོགས་གདོད་མའི་གསལ་སྒྲོན་སྤྱད་དེ་འཚོ་བ་རོལ་བཞིན་ཡོད།ན་ནིང་ལོའི་ཟླ་བ9པར་ཁྱོན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར32.15བརྒྱབ་ནས་རྒྱང་ཐག་སྤྱི་ལེ1015རིང་བའི་ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གྲུབ་པ་ནས་བཟུང་།བོད་ཁུལ་གྱི་ཁྱིམ་ཚང་ཀུན་ཏུ་གློག་མེ་གསལ་ཐུབ་པ་རེད།
དཀར་མཛེས་རྫོང་དང་སྤྱི་ལེ5ཡོད་པའི་སྲིབ་ངོ་ཤང་དང་སྲིབ་ངོ་གྲོང་སྡེ་རུ་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་གློག་སྟོང་ཝ220བསྒྱུར་སྐྱེལ་ཐུབ་པའི་ལྟེ་བའི་ས་ཚིགས་ནས་ཕྱོགས་བཞི་མཚམས་བརྒྱད་ལ་གློག་བསྒྱུར་སྐུད་ལམ་ཁྲིད་ནས་དཀར་མཛེས་རྫོང་གི་ཤང་དང་གྲོང་རྡལ་སོ་སོར་དགུན་ཁ་སོལ་བ་དང་ལྕི་བ་བུད་ནས་དྲོད་ཐབས་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ།སྲིབ་ངོ་ཤང་གི་གྲོང་མི་ཀུན་དགའ་རྡོ་རྗེ་ཚང་དུ་གློག་ཁྲིད་རྗེས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།ཁྱིམ་དུ་བརྙན་འཕྲིན་ཆེན་པོ་དང་འཁྱགས་སྒམ།གློག་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་སྒྲིག་ཡོད།ཁོས་དགའ་སྤྲོ་ཆེན་པོས་དེང་སང་ཡག་མོ་རེད།ཁྱིམ་སྤྱོད་གློག་ཆས་ཆ་ཚང་སྒྲུབ་ཚར།འཚོ་བ་ཉིན་རེ་ནས་ཉིན་རེ་ཡག་པོར་འགྱུར་བ་རེད།
ཤར་ཕྱོགས་ཤང་ལུ་གུ་གྲོང་སྡེ་དང་པོའི་འབྲོག་པའི་གཞིས་ཆགས་གནས་ཀྱི་འབྲོག་པ་ཆོས་རྒྱལ་ཚང་གི་ཁྱིམ་མི་ཚང་མ་གློག་ཐབ་འགྲམ་དུ་མེ་ལྡེ་ནས་ཇ་འཐུང་ཞོར་དུ་བརྙན་འཕྲིན་ལྟ་བཞིན་འདུག   ཆོས་རྒྱལ་གྱི་བཟའ་ཟླ་དབང་མོས་འཁྲུད་ཆས་ཤིག་ཉོས་ནས་ཐེངས་གཅིག་སྤྱད་རྗེས་མོའི་ཆེས་དགའ་བའི་ཅ་ལག་ཞིག་ཏུ་གྱུར།ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭས་ང་ཚོའི་སྔོན་མའི་འཚོ་བ་སྐྱེལ་སྟངས་བསྒྱུར་ནས་གོས་འཁྲུད་བདེ་ལ་ཟས་རིགས་ཉར་ཚགས་བདེ་བ་རེད།དེ་ནས་ང་ཚོས་གུང་ཁྲན་ཏང་གི་དྲོད་སྐྱིད་སྟེར་བ་དེ་ཚོར་མྱོང་བྱུང་།ཏང་དང་སྲིད་གཞུང་ལ་ཐུགས་བརྗེ་ཆེའོ།ཆོས་རྒྱལ་གྱི་སེམས་འགུལ་ཐེབས་བཞིན་དུ་བཤད་།
ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གྲུབ་རྗེས་ཞིང་འབྲོག་དམངས་ཀྱི་འཚོ་བ་རོལ་སྟངས་སྒྱུར་བ་དང་སྦྲགས།དཀར་མཛེས་རྫོང་གི་ཚོང་གཉེར་མཁན་ལ་ཚོང་ལམ་གསར་པ་གཏོད།ཁྱད་པར་དུ་གློག་ཆས་ཚོང་མཁན་གྱི་ཚོང་དེ་བས་བྲིན་བདེ་པོ་ཡིན་པ།གློག་ཆས་ཚོང་མཁན་ཚོང་པ་ཏའེ་ཉན་ཅུན་གྱིས་བཤད་རྒྱུར།དེང་སང་གློག་བརྟན་པོ་ཡོད་པས།གློག་ཆས་ཚོང་ཁང་གི་ཚོང་ཉིན་རེ་བཞིན་ཇེ་ཡག་བྱུང་།ཡོང་འབབ་སྔོན་ཆད་ལས་ལྡབ་འགའ་འཕར་བྱུང་།
དཀར་མཛེས་རྫོང་གིས་ཐོན་ཁུངས་དེ་ལ་བརྟེན་ནས་རྫོང་ཡོངས་སུ་ཆུ་གློག་ཐོན་ཁུངས་གསར་སྦོལ་དང་ལྗོངས་རྒྱུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་སོགས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ།ད་ལོ་རྐྱང་པར་ཚོང་འགུག་དངུལ་འདྲེན་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར5ཐོག་སླེབས་པ།གཞན་ཡང་དཀར་མཛེས་ཁུལ་གྱིས་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭར་བརྟེན་ནས་དཀར་མཛེས་རྫོང་དེ་རང་ཁུལ་བྱང་རྒྱུད་ཀྱི་གློག་དྲ་ལྟེ་བ་དང་རང་ཁུལ་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་བ་རུ་བསྐྲུན་ནས་རང་ཁུལ་བྱང་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་དང་མཆོང་རྒལ་ཆེན་པོ་གྲུབ་པ་བྱ་རྒྱུ་རེད།ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་དེ་ནི་ཆབ་སྲིད་བཟང་པོ་ཡིན་ལ་དམངས་སེམས་ལས་གྲྭ  དམངས་ཕན་ལས་གྲྭ་ཞིག་ཀྱང་ཡིན་པས།ལས་གྲྭ་གྲུབ་རྗེས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བར་ཕན་བདེ་སྤྲད་པ།དེ་ནས་བཟུང་།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དེ་བས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་ཐུབ་ངེས།
  • ལེ་ཚན་སྔོན་མ།:ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོ་རུ་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་བསམ་ཕྱོགས་གསར་པས་འཕེལ་རྒྱས་གསར་པ་ཡོང་བར་ཁྲིད་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།