དོགས་ཟོན་བྱེད་དགོས་པ་ཁ་ཤས།

        2010-04-28

1བཏུང་བ་བཀག་མི་རུང་བ།
ཁ་ཤིན་ཏུ་སྐོམ་ནས་བཏུང་བ་བསྟེན་པར་མ་བྱས་ནས་བཀགནཔར་གྱུར་ན་མགོ་ཡུར་འཁོར་ལ་སྙིང་རླུང་སོགས་ཀྱི་ནད་འབྱུང་ལ་བཅོས་ཐབས་མགོ་དང་གདོང་ལ་ཆུ་བསིལ་གཏོར་བ་དང་།སིངས་པོ་དར་བ་སོགས་ཀྱི་བཏུང་བ་བསིལ་བའི་རིགས་རྣམས་འཐུང་ན་ཕན།
2སྐྱུག་པ་བཀག་མི་རུང་བ།
སྐྱུག་པ་བཀག་པར་གྱུར་ན་བཟའ་བཏུང་ལ་སོགས་པ་ཡི་ག་མེད་ཅིང་དབུགས་ཀྱི་རྒྱུ་བ་མི་བདེ་བ་དང་།མིག་ནད་རིམས་མེད་ཅིང་དབུགས་ཀྱི་རྒྱུ་བ་མི་བདེ་བ་དང་།མིག་ནད་རིམས་ནད་སོགས་འབྱུང་བར་འགྱུར་ལ་བཅོས་ཐབས་ཟས་མི་བཟའ་ཞིང་སྨྱུང་བར་བྱས་ན་ཕན་པར་འགྱུར་རོ།
3སྦྲིད་པ་བཀག་མི་རུང་།
སྦྲིད་པ་བཀག་པར་གྱུར་ན་མིག་ལ་སོགས་དབང་པོ་རྣམས་ཀྱི་ཚོར་བ་མི་གསལ་ལ་ཁྱད་པར་དུ་ཡོ་བ་དང་།འགྲམ་ཆག་གི་ནད་སོགས་འབྱུང་ལ་བཅོས་ཐབས་ཉི་མའི་འོད་ལ་ཅུང་ཟད་བལྟ་བ་སོགས་ཀྱིས་ཕན་ནོ།
4དབུགས་ཐབ་ཐོབ་བཀག་མི་རུང་།
ངལ་ཞིང་དུབ་པའི་དབུགས་ཐབ་ཐོབ་རྒྱུ་དུས་བཀག་པར་གྱུར་ན་རླུང་ལས་བྱུང་བའི་སྐྲན་ནད་དང་སྙིང་ནད་སོགས་འབྱུང་ལ་བཅོས་ཐབས་སྒོ་གསུམ་དལ་བར་ངལ་གསོ་ཞིང་རླུང་སེལ་བར་ཟས་སྐོམ་དང་སྤྱོད་ལམ་ལ་བསྟེན་པར་བྱའོ།
5གཉིད་བཀག་མི་རུང་།
མཚན་མོར་གཉིད་བཀག་ནས་གཏན་ནས་གཉིད་མ་ལོག་ན་གཡལ་འབྱུང་ལ་སྒྱིད་ལུག་པ།མགོ་བོ་ལྕི་ལ་ཟས་མི་འཇུ་བ་སོགས་ཀྱི་ནད་འབྱུང་ལ་བཅོས་ཐབས་ལུག་ཤ་སོགས་བཅུད་ཡོད་པའི་ཤ་ཁུ་དང་།ཆང་གསར་པ་འཐུང་ལ་ཏིལ་མར་སོགས་ཀྱིས་ལུས་ལ་བྱུག་ཤིང་གཉིད་རན་པར་བྱའོ།
6མཆི་མ་བཀག་མི་རུང་།
མིག་ལས་བྱུང་བའི་མཆི་མ་བཀག་པར་གྱུར་ན་སྙིང་ནད་དང་མགོ་ཡུར་འཁོར་ལ་ཡི་ག་འཆུས་པ་སོགས་ཀྱི་ནད་འབྱུང་ལ་བཅོས་ཐབས་ནས་ཆང་འཐུང་ལ་གཉིད་ངོམས་པར་ལོག་པ་དང་།ཡིད་འོང་གྲོགས་ཀྱི་གཏམ་སྙན་པོ་སྨྲ་བ་བཅས་ཀྱིས་ཕན་ནོ།
7གཅིན་བཀག་མི་རུང་།
གཅིན་གཏོང་འཕྲོར་བཀག་པར་གྱུར་ན་རྡེའུ་སྒྲན་དང་ཆུ་སོ་དགུའི་ནད་སོགས་འབྱུང་ལ་བཅོས་ཐབས་ལུས་སྨད་ཏིལ་མར་བྱུག་ལ་གཅན་གཟན་གྱི་ལྤགས་པ་སོགས་ཀྱིས་དྲོད་རྒྱག་པ་མདོར་ན་སྨན་མར་སོགས་ཁམས་དང་བསྟུན་ནས་ནད་བསལ་ཞིང་ལུས་གསོ་བར་བྱའོ།
  • ལེ་ཚན་སྔོན་མ།:དབྱར་ཁ་རྐང་དྲིའི་ནད་ལ་གཟབ་དགོས།
  • ལེ་ཚན་རྗེས་མ།:སྤྲོ་ཐུང་ན་བདེ་ཐང་ལ་གནོད་པ།
  • དོ་སྣང་ཆེ་བའི་རྩོམ།