མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2013-04-15

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།

  ཟླ4བའི་ཚེས10ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སྐབས་དྲུག་པའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ཅིང་། བྱེད་སྒོའི་སྟེང་དུ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཡུམ་སྐྱབས་ཚེ་རིང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བན་དེ་བཀྲ་ཤིས། ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་དཔལ་འབུམ་ཐར་དང་། འཁྱམ་རུ་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ་ཚང་དང་།  ངྷི་ཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་གི་ཁྲི་བ་སྐུ་མཆེད་བློ་བཟང་ལུང་རྟོགས་རྒྱ་མཚོ་ཚང་། དགོན་གཞུང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀའ་བཅུའི་རབ་འབྱམས་པ་དགེ་བཤེས་གཡུ་ཚ་ལུང་རྟོགས་རྒྱ་མཚོ་ཚང་།   དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་གི་དགེ་བཤེས་ལུང་རིགས་རྒྱ་མཚོ་སོགས་ཕེབས་ཡོད་པར་མ་ཟད།  བོད་ཀྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་སྦྱིན་བདག་ཆེན་མོ་བསོད་ནམས་ཐུབ་བསྟན་ལགས་དང་སློབ་གྲྭ་དེ་གའི་དགེ་སློབ་སུམ་སྟོང་ལྷག་ཞུགས་ཡོད་པ་རེད།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
སློབ་མ་རྣམས་ཀྱིས་ལོ་རྒྱུས་དང་རྩིས་དངོས་རྫས་གསུམ་གྱི་ཐད་ནས་རྟགས་གསལ་གཏོང་བཞིན་པ།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།

འཛིན་གྲྭ་ཐུན་མོང་གིས་རྟགས་གསལ་གཏོང་བ།

   སྔ་དྲོར་མཐོ་གསུམ་རིམ་པའི་ཚད་མའི་འཛིན་གྲྭའི་སློབ་མ་རྣམས་ཀྱིས་ལོ་ངོ་གསུམ་གྱི་རིང་ལ་བསྡུས་གྲྭའི་རིགས་ལམ་ལ་སྦྱངས་པའི་འབྲས་རྟགས་ལ་དཔྱད་འཇོག་བྱས་ཏེ་ཁོ་ཚོར་མཐོ་འབྲིང་གི་བསྡུས་གྲྭ་མཐར་ཕྱིན་གྱི་དཔང་ཡིག་གནང་ཞིང་། ཕྱི་དྲོར་མུ་མཐུད་དུ་མཐོ་གཅིག་དང་མཐོ་གཉིས་སོ་སོ་ནས་མི་སྒེར་དང་ཐུན་མོང་གི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཏེ།     ལོ་རིམ་སོ་སོ་ནས་འཛིན་གྲྭ་དྲུག་རེ་དང་མི་སྒེར་གྱི་འགྲན་ཞུགས་པ་བརྒྱད་རེ་ཞུགས་ཤིང་།    ལོ་རིམ་སོ་སོའི་མི་སྒེར་གྱི་འགྲན་བསྡུར་ཁྲོད་མཚན་ཉིད་པ་ཆུང་ཆུང་གི་བྱ་དགའ་གཅིག་དང་ཨང་དང་པོ་གཅིག   ཨང་གཉིས་པ་གཉིས།  ཨང་གསུམ་པ་བཞི་བཅས་ཁྱོན་བསྡོམས་མི་བཅུ་དྲུག་ལ་མི་སྒེར་གྱི་བྱ་དགའ་ཐོབ་པ་དང་།  ཐུན་མོང་གི་འགྲན་བསྡུར་ཁྲོད་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས།    ཨང་གསུམ་པ་གསུམ་བཅས་ཁྱོན་བསྡོམས་འཛིན་གྲྭ་བཅུ་གཉིས་ལ་ཐུན་མོང་གི་བྱ་དགའ་ཐོབ་པ་རེད། 
  མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས2007ལོར་དེང་རབས་ཀྱི་སློབ་གསོའི་ལམ་ལུགས་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་ལམ་ལུགས་ཏེ་བསྡུས་གྲྭའི་རིགས་ལམ་སྤྱོད་འགོ་བརྩམས་པ་ནས་བཟུང་། བགྲང་བྱ་དྲུག་གི་རིང་དུ་རིམ་གྱིས་ཇེ་རྒྱས་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས་ཐུན་མོང་མ་ཡིན་པའི་སློབ་གསོའི་མ་ལག་ཅིག་གྲུབ་འདུག  བྱེ་བྲག་ཏུ་ཐེངས་འདིའི་འགྲན་སྡུར་ནི་སློབ་གྲྭ་དེ་གས་རྩིས་དངོས་རྫས་གསུམ་དང་། ས་ཁམས། ལོ་རྒྱུས། ཆབ་སྲིད་བཅས་མཐོ་འབྲིང་གི་སློབ་དེབ་དང་ཟུང་འབྲེལ་བྱས་ནས། བསྡུས་གྲྭའི་རིགས་ལམ་སྤྱད་དེ་རིག་པའི་གནས་དེ་དག་ལ་སློབ་སྦྱོང་དང་ཉམས་སུ་ལེན་པའི་འཚོལ་ཞིབ་ཅིག་ཡིན་པས། སློབ་མ་རྣམས་ཀྱིས་སོ་སོའི་སྦྱངས་དང་སྦྱོང་བཞིན་པའི་ཤེས་བྱ་དག་ནམ་རྒྱུན་གྱི་སློབ་སྦྱོང་གི་ལག་ལེན་ཁྲོད་དངོས་སུ་བེད་སྤྱོད་གཏོང་བ་དང་། ཤེས་བྱའི་ཁོངས་རྒྱ་ཡངས་པར་བསྐྱེད་པ། དེ་མིན་རྩོད་པའི་ལས་ལ་ལེགས་པོར་འཇུག་པ་སོགས་སུ་དགེ་མཚན་མངོན་གསལ་ལྡན་པ་རེད།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།
སྦྱིན་བདག་བསོད་ནམས་ཐུབ་བསྟན་ལགས་ཀྱིས་སློབ་མ་རྣམས་ལ་བྱ་དགའ་གནང་བཞིན་པ།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།


དགེ་སློབ་རྣམས་ཀྱིས་མཉམ་དུ་འགྲན་སྡུར་ལ་གཟིགས་བཞིན་པ།

  • ལེ་ཚན་སྔོན་མ།:མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པའི་བོད་ཀྱི་བརྩམས་ཆོས།
  • ལེ་ཚན་རྗེས་མ།:བོད་སྐད་ཡིག་ལ་དུས་རབས་འཕེལ་རྒྱས་ཀྱི་ཚེ་སྲོག་གསར་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།