མཚོ་སྔོན་ཞིང་ཆེན་གྱི་འགན་སྲུང་སྡོད་ཁང་གསར་བ11547འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-04-15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱིས་འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་པ་དེ་གཙོ་བོ་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་པའི་ཐབས་ལམ་ལ་གཞིགས་ཏེ། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་འཛུགས་སྐྲུན་དམིགས་ཚད་ལེགས་སྒྲིག་བྱས་ཏེ། ད་ལོ་ནས་བཟུང་འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་པའི་གཙོ་གནད་དེ་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་པའི་ཐད་ལ་སྤོ་བསྒྱུར་བྱས། གསར་འགོད་པས་སྤྱི་ཟླ4བའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་འགན་སྲུང་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། ཞིང་ཆེན་ཡོངས་ཀྱིས་གཏན་འཁེལ་བྱས་པའི2013ལོའི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལས་གཞི་གསར་བའི་ཁྲོད་ལས་འགོ་བརྩམས་པའི་སྡོད་ཁང11547ཡོད་ལ། དེའི་ནང70%ཙམ་ནི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱེད་པའི་ལས་གཞི་ཡིན།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་གསར་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་སྣ་ཚོགས་བསྒྱུར་བཅོས་བྱེད་པའི་སྡོད་ཁང་ཁྲི5.53ལ་སླེབས་ཤིང་། དེའི་ནང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཁྱིམ་ཚང་ཁྲི3.6ལྷག་ལ་སླེབས་ཡོད། བསྒྱུར་བཅོས་ཁྱིམ་ཚང་མང་པོ་ཡོད་པར་གཞིགས་ཏེ། མཚོ་སྔོན་གྱིས་བཤིག་གཏོར་དང་གསར་འཛུགས། ཞིག་གསོ། ཕྱོགས་བསྡུས་བཅོས་སྐྱོང་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤྱིལ་ཁྱིམ་ལ་ཁུལ་བསྒྱུར་བཅོས་ལག་བསྟར་བྱས་ཤིང་། བསྒྱུར་བཅོས་ཁྲོད་འཚོ་སྡོད་ཁུལ་གྱི་སྐྱེ་ལྡན་གསར་བཅོས་དང་སྡོད་ཁང་རྙིང་བའི་བྱེད་ནུས་བེད་སྤྱོད་གང་ལེགས་བྱེད་པ། ལོ་རྒྱུས་རིག་གནས་སྲང་ལམ་ལ་སྲུང་སྐྱོང་བྱེད་པ་སྔར་ལས་གཙོ་བོར་འཛིན་རྒྱུ་རེད། །

 
0
  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།