དར་མདོའི་མི་དམངས་ཀྱིས་ཁུལ་བཙུགས་ནས་ལོ60ཡི་གྲུབ་འབྲས་བཤམས་སྟོན་ལ་ལྟད་མོ་ལྟ།

        2010-10-29

དར་མདོའི་མི་དམངས་ཀྱིས་ཁུལ་བཙུགས་ནས་ལོ60ཡི་གྲུབ་འབྲས་བཤམས་སྟོན་ལ་ལྟད་མོ་ལྟ།



 

ཟླ་བ10པའི་ཚེས28ཉིན་དཀར་མཛེས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་རང་སྐྱོང་ཁུལ་བཙུགས་ནས་ལོ60ཡི་གྲུབ་འབྲས་བཤམས་སྟོན་ལྟད་མོ་ལྟ་རུ་འོང་མཁན་གྱི་དར་མདོའི་ལས་བྱེད་པ་དང་མང་ཚོགས་འཚང་ཁ་ཤིག་ཤིག་རེད།
“ལོ་60ཡི་རིང་ལ་དཀར་མཛེས་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།གྲུབ་འབྲས་འདི་དག་མཐོང་དུས་དཀར་མཛེས་ཁུལ་གྱི་མི་ཡིན་པའི་ཆ་ནས་བཤད་ན་སེམས་ནང་ཧ་ཅང་དགའ་པོ་འདུག     ང་ཚོའི་ཕ་ཡུལ་ཉིན་རེ་བཞིན་དར་རྒྱས་ཕུན་སུམ་ཚོགས་པ་དང་།ཚང་མའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་འགྲོ་བའི་རེ་བ་ཡོད”ཅེས་བཤམས་སྟོན་ཚོམས་ཆེན་ནང་ལྟད་མོ་ལྟ་བཞིན་པའི་སྐལ་བཟང་ཆོས་སྒྲོན་གྱིས་སྨྱུག་འཛིན་པར་བཤད།
ཡངས་ཤིང་གསལ་བའི་བཤམས་སྟོན་ཚོམས་ཆེན་ནང་རང་ཁུལ་གྱི་ལས་རིགས་ཁག་ལ་ཐོབ་པའི་གྲུབ་འབྲས་དང་ཁུལ་ཡོངས་ཀྱི་རྫོང་ཁག18ཀྱི་འཕེལ་རྒྱས་གྲུབ་འབྲས་ལྟད་མོ་བ་ཚོའི་མིག་ལམ་དུ་མངོན་པ་རེད།རྫོང་ཁག་སོ་སོའི་འགྲེམ་སྟོན་ཁང་དུ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཤུལ་བཞག་རིག་གནས།དེ་བཞིན་དུ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ།ཡུལ་ཐོན་ཁྱད་རྫས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རིམ་གྱི་པར་རིས།འདྲ་དཔེ།ཡིག་རིགས་བཅས་ཀྱི་ཐོག་ནས་ཁུལ་ཡོངས་ལོ60རིང་གི་དཔལ་འབྱོར་འཛུགས་སྐྲུན།སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས།སྨན་བཅོས་འཕྲོད་བསྟེན།སློབ་གསོ་རིག་གནས།རྨང་གཞི་སྒྲིག་ཆས།ཞིང་སྡེ་དང་འབྲོག་སྡེ་གསར་པའི་རྣམ་པ།དམངས་འཚོ་ལས་གྲྭ་སོགས་ཀྱི་ནང་དོན་རྣམས་ཚང་མའི་མིག་ལམ་དུ་མངོན་པ་རེད།
 

  • ལེ་ཚན་སྔོན་མ།:རྟེན་འབྲེལ་ཞུ་བའི་གློག་འཕྲིན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཁུལ་བཙུགས་ནས་ལོ༦༠ཡི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་གྱི་པར་རིས་འགྲེམས་སྟོན་བྱས
  • དོ་སྣང་ཆེ་བའི་རྩོམ།