བརྒྱད་ཟིལ་རྫོང་གིས་རྨོ་འདེབས་ལས་ཀ་ཡག་པོ་བྱས་ནས་ཡོང་འབབ་འཕར་ཐབས་བྱས།

﹙ཀུན་དགས་བསྒྱུར།﹚        2013-04-08

ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཆེད།བརྒྱད་ཟིལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་རྨོས་གྲ་སྒྲིག་ལས་ཀར་ཁྲིད་སྟོན་དང་རོགས་རམ་གང་ལེགས་བྱས། རྫོང་དེས་ཞིང་འབྲོག་ཚན་རྩལ་སྡེ་ཁག་གི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཤང་དང་གྲོང་རྡལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་གཅིག་འགྱུར་གྱི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་པ་རེད། རྫོང་ཡོངས་ཀྱིས་ཁྱོན་བསྡོམས་མ་རྨོས་ལོ་ཏོག་གི་སོན་བཟང་ཏུན55དང་ཞོག་ཁོག་སོན་བཟང་ཏུན1900  སྔོ་ཚལ་སོན་བཟང་ཏུན50.7  འདྲ་མིན་གྱི་ལུད་རྫས་ཏུན405  འགྱིག་ཤོག་ཏུན74  ཞིང་སྨན་ཏུན1ཙམ་གཏོང་འདྲེན་བྱས། བཟོ་ཚོང་སོགས་ཁྲིམས་འཛིན་སྡེ་ཁག་གི་ལས་སྒྲུབ་མི་སྣ་ཚོ་རྫོང་དང་ཤང་གྲོང་དུ་བསྐྱོད་ནས་ཞིང་ལས་ཐོན་རྫས་ཚོང་རར་ཞིབ་བཤེར་བྱེད་པ་དང་།ཞིང་ལས་ཐོན་རྫས་རྫུན་མ་ཉོ་ཚོང་བྱེད་པར་རྡུང་རྡེག་བཏང་ནས་མང་ཚོགས་ཀྱིས་ཞིང་ལས་ཐོན་རྫས་ཉོས་པར་འགན་སྲུང་གང་ལེགས་བྱས་པ་རེད།   དཔྱིད་རྨོས་གྲ་སྒྲིག་དང་དཔྱིད་རྨོས་ཐོན་སྐྱེད་བྱེད་པའི་སྐབས་སུ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་གཞི་རིམ་དུ་འཚམས་འདྲི་འགྲོ་བའི་གོ་སྐབས་དང་བསྟུན་ནས་གསར་དུ་བསྒྲིགས་པའི་གཉེན་ཉེ་དུད་ཚང་དང་མཉམ་ཟ། མཉམ་འདུག  མཉམ་ལས་བཅས་བྱས་ནས་ལག་རྩལ་ཞབས་ཞུ་དེ་ཁོང་ཚོའི་སྒོ་ཁར་བསྐྱལ་བ་དང་། མང་ཚོགས་ལ་ཕྱུག་འགྱུར་གྱི་ཆ་འཕྲིན་དང་ཚན་རིག་ཤེས་བྱ། ལག་རྩལ་སྤྱོད་ཐབས། གནོད་འབུ་འགོག་ཐབས་སོགས་སློབ་པ་དང་ཞིང་ནང་དུ་ཁྲིད་སྟོན་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:བོད་སྨན་ཆེད་མཁས་པས་འཐབ་འདོན་ཇུས་འབུལ་བྱས་ནས་རྒྱ་བོད་སྨན་རྫས་འཕེལ་རྒྱས་གཏོང་རྒྱུའི་དཀའ་གནད་སྒྲོལ།
  • དོ་སྣང་ཆེ་བའི་རྩོམ།