ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དར་མདོར་འཚོགས།

(ལྷ་འཛོམས་ཀྱིས་བསྒྱུར།)        2013-04-08

ཟླ་བ3པའི་ཚེས27ཉིན།ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དར་མདོར་འཚོགས་པ།གྲོས་ཚོགས་ཀྱིས་ཆེད་དམིགས་ནས་རྒྱ་བོད་སྨན་རྫས་་ཐོན་ལས་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས།ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།ཅུས་ཀྲང་ལིའུ་ཝེ་ཏེ་དང་ཞིང་ཆེན་རྒྱ་སྨན་སྨན་རྫས་དོ་དམ་ཅུས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།ཅུས་ཀྲང་དབྱང་ཏེན་ཞིན་རྣམ་གཉིས་གྲོས་ཚོགས་ནང་ཞུགས་ཡོད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བ་གྲོས་ཚོགས་ནང་ཞུགས་ཤིང་།གསུང་བཤད་གལ་ཆེན་གནང་།
ཡེ་ཤེས་ཟླ་བས་ཁུལ་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་རྒྱ་སྨན་སྨན་རྫས་དོ་དམ་ཅུས་དང་《རྒྱ་བོད་སྨན་རྫས་་ཐོན་ལས་འཕེལ་རྒྱས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་གཞི》ཐོག་མིང་རྟགས་བཀོད་པ་དང་ད་དུང་རང་ཁུལ་གྱི་རྒྱ་བོད་སྨན་རྫས་་ཐོན་ལས་འཕེལ་རྒྱས་ཆེད་མཁས་པ་འདྲི་རྟོག་ཨུ་ལྷན་གྱི་ཆེད་མཁས་པའི་འཐུས་མི9ལ་གདན་ཞུའི་ཡེ་གེ་སྤྲད་པ་རེད།
ཡེ་ཤེས་ཟླ་བས་ཁྱོན་ཡོངས་ནས་རང་ཁུལ་གྱི་རྒྱ་བོད་སྨན་རྫས་་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་ཚུལ་དང་གནད་དོན།རྒྱུ་རྐྱེན།ཐོན་ཁུངས་མཐུན་རྐྱེན་བཅས་ཞིབ་ཕྲ་འགྲེལ་བཤད་གནང་།ཁོང་གིས་རྒྱ་བོད་སྨན་རྫས་་རྫས་ཐོན་ལས་ནི་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་སྐྲུན་པ་དང་དོན་ཐོག་འཁྱོལ་བ་དངོས་སུ་མཚོན་པ་ཡིན་ལ།“སྔོན་དུ་འཕེལ་རྒྱས་གཏོང་བ་གཅིག་དང་།གོ་རིམ་ཡོད་པར་འཕེལ་རྒྱས་གཏོང་བ་གཉིས།མགྱོ གས་སུ་འཕེལ་རྒྱས་གཏོང་བ་གསུམ་བཅས”ཐོན་ལས་འཕེལ་རྒྱས་བསམ་ལམ་གྱི་བྱ་ཐབས་དངོས་ལག་བསྟར་བྱེད་པ་དངོས་སུ་མཚོན་པ་རེད་ཅེས་ནན་གསུང་གནང་། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་ཁུལ་གྱི་རྒྱ་བོད་སྨན་རྫས་་རྫས་ཐོན་ལས་འཕེལ་རྒྱས་དམིགས་འབེན་གསལ་པོ་རྟོགས་ནས་སྨན་རྫས་འདེབས་འཛུགས་གཞི་ཁྱོན་ཅན་བཟོས་ཆས་རྒྱ་བོད་སྨན་རྫས་་ཞིབ་འཇུག་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།