གསེར་གླིང་དངུལ་གླིང་རྒྱ་གླིང་ལེགས་མོ་གསུམ།

        2013-04-01

གསེར་གླིང་དངུལ་གླིང་རྒྱ་གླིང་ལེགས་མོ་གསུམ།།
སྙན་པོ་གྲ་འགྲིག་ན་ནིང་ཨེ་འཛོམས་བསམ།།
ན་ནིང་མ་འཛོམ་ས་ཡུལ་ས་ཐག་རིང་།།
དགའ་སྐྱིད་ད་ལོ་མ་བསམ་ལྷུན་གྱིས་འཛོམས།།
དར་དང་གོས་ཆེན་འགོ་སྣམ་ལེགས་མོ་གསུམ།།
འཇམ་པོ་གྲ་འགྲིག་ན་ནིང་ཨེ་འཛོམས་བསམ།།གསེར་གླིང་དངུལ་གླིང་རྒྱ་གླིང་ལེགས་མོ་གསུམ།

ན་ནིང་མ་འཛོམ་ས་ཡུལ་ས་ཐག་རིང་།།
དགའ་སྐྱིད་ད་ལོ་མ་བསམ་ལྷུན་གྱིས་འཛོམས།།
ཨ་མྱེས་ཨ་ཕ་བུ་ཚ་ལེགས་མོ་གསུམ།།
མཐུན་པོ་གྲ་འགྲིག་ན་ནིང་ཨེ་འཛོམས་བསམ།།
ན་ནིང་མ་འཛོམ་ས་ཡུལ་ས་ཐག་རིང་།།
དགའ་སྐྱིད་ད་ལོ་མ་བསམ་ལྷུན་གྱིས་འཛོམས།
  • ལེ་ཚན་སྔོན་མ།:ཨ་རོགས་ལ་ཡེ།
  • ལེ་ཚན་རྗེས་མ།:བྲོ་ར་ཁྲ་མོ་མ་བཞག་ས་ཞིག་མེད།