ཨ་རོགས་ལ་ཡེ།

        2013-04-01

ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་ཐོག་ལ་དགོན་ཆེན་ཆགས།།
དགོན་ཁྲ་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་ལེ་བླ་མ་བཟང་པོ་བཞུགས།།
ཕྱི་ཡག་ལེ་གྲྭ་ཚང་སྟོང་གིས་བསྐོར།།
ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་ཐོག་ལ་གྲོང་ཆེན་ཆགས།
གྲོང་ཁྲ་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་ལེ་དཔོན་ལུ་བཟང་པོ་བཞུགས།།
ཕྱི་ཡག་ལེ་ཧོར་འདྲ་སྟོང་གིས་བསྐོར།།
ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་སྟེང་ལ་སྦྲ་ཆེན་ཆགས།།
སྦྲ་ཁྲ་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་ལེ་མ་སྲུ་བཟང་པོ་བཞུགས།།
ཕྱི་ཡག་ལེ་སྨན་ཆུང་སྟོང་གིས་བསྐོར།།
 
  • ལེ་ཚན་སྔོན་མ།:དགུང་སྐྱིད་ཨ་སྔོན་མ་བཞེངས་ལྷ་ཁང་འདྲ།
  • ལེ་ཚན་རྗེས་མ།:གསེར་གླིང་དངུལ་གླིང་རྒྱ་གླིང་ལེགས་མོ་གསུམ།