ཞི་ཅིན་ཕེན་གྱིས་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-01

ཞི་ཅིན་ཕེན་གྱིས་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་བ།
 

ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས27ཉིན་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཨ་རབ་དང་ཨ་ཧྥེ་རི་ཁ། དབྱི་སི་རལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ཁྲོད་ཀྱི་གོ་གནས་དང་ཤུགས་རྐྱེན་ལ་གཙིགས་འཛིན་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་མཐོང་ཆེན་བྱེད་བཞིན་ཡོད། ང་ཚོས་ཨེ་ཅིབ་ཀྱིས་བར་བརྒལ་འཕེལ་རིམ་ཁྲོད་དུ་གྲུབ་འབྲས་ཆེན་པོ་བླངས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་ཨེ་ཅིབ་ཀྱི་མདུན་དུ་ལྷགས་པའི་གནས་སྐབས་རང་བཞིན་གྱི་དཀའ་ཁག་ལ་རྒྱུས་ལོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨེ་ཅིབ་ཕྱོགས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

    མུའུ་ཨར་ཞི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་མཉམ་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུ་ནི་ངའི་རེ་བ་ཡིན་ཟེར།

    ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཡང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས། །


 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞོགས་ཟས་གསོལ་སྟོན་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དུ་རི་ཉིལ་བར་མཆན་བཀོད་མཛུབ་སྟོན་
  • དོ་སྣང་ཆེ་བའི་རྩོམ།