སྲིད་གྲོས་བདེ་ཆེན་ཁུལ་སྐབས11པའི་གྲོས་ཚོགས་ཐེངས2པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-29

སྤྱི་ཟླ3པའི་ཚེས27ཉིན་གྱི་སྔ་དྲོར།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས11པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས2པ་སེམས་ཀྱི་ཉི་ཟླ་རྫོང་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ་དང་།  སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་གསར་སྐྲུན་དང་མཛེས་སྡུག་ལྡན་པའི་བདེ་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ལ་བསམ་འཆར་གང་ལེགས་བཏོན་ནས།  ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ།  སྲིད་ཞུགས་སྲིད་དོན་བགྲོ་གླེང་བྱེད་པའི་འགན་འཁྲི་དང་ལེན་བྱས།

ཏུའུ་ཡོན་ཁྲོན་གྱིས་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས11པའི་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ།  ཚོགས་ཆེན་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། 

སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས11པའི་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  ཚོགས་འདུའི་ལས་འཛིན་ཀྲུའུ་ཞི་དབྱང་ཙུན་ཞང་གིས་ཚོགས་ཆེན་སྟེང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། 

ཡུན་ནན་ཞིང་ཆེན་སྐབས11པའི་སྲིད་གྲོས་ཨུ་ཡོན་ཁ་ཤས་དང་ཁུལ་ཏང་ཨུ།  ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག  ཁུལ་ཁོངས་གཏོགས་ཁེ་ལས་ལས་ཁུངས་དང་བདེ་ཆེན་ཁུལ་དུ་སྡོད་པའི་ཞིང་ཆེན་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་ཆེད་ཞུ་མི་སྣ་གྲོས་ཚོགས་ལ་ཞུགས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱས་པ།
  • ལེ་ཚན་རྗེས་མ།:ཡུན་ནན་བདེ་ཆེན་རང་སྐྱོང་ཁུལ་གྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་ཁྲིད་བྱས་ཏེ་བོད་ཀྱི་རིག་གནས་རྒྱུད་འཛ
  • དོ་སྣང་ཆེ་བའི་རྩོམ།