།དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ༦༠འཁོར་བའི་མང་ཚོགས་རིག་རྩལ་འཁྲབ་སྟོན་དབུ་ཚུགས་མཛད་སྒོ་སྤེལ།

        2010-10-28

དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ༦༠འཁོར་བའི་མང་ཚོགས་རིག་རྩལ་འཁྲབ་སྟོན་དབུ་ཚུགས་མཛད་སྒོ་སྤེལ།

ཟླ་བ10པའི་ཚེས27ཉིན་གྱི་ཕྱི་དྲོར་དར་མདོ་མཛའ་གཞས་ཐང་ཆེན་དུ་དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་དཀར་མཛེས་ཁུལ་དབུ་བཪྙེས་ནས་ལོ་ངོ60འཁོར་བའི་མང་ཚོགས་སྒྱུ་རྩལ་འཁྲབ་སྟོན་དབུ་ཚུགས་མཛད་སྒོ་སྤེལ་བ་རེད།    མཛད་སྒོའི་ཐོག་ཏུ་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིའུ་པིང་གིས་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཨུ།   ཁུལ་མི་དམངས་སྲིད་གཞུང་།    ཁུལ་སྲིད་གྲོས་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་བརྒྱ་ལྷག་གི་འཐུས་ཚབ་བྱས་ཏེ་དབུ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམ་པ།འཁྲབ་སྟོན་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།   
བྱེད་སྒོ་སྤེལ་བ་འདིས་ཕྱི་ཕྱོགས་ཀྱི་གྲོགས་པོ་མང་པོ་ཞིག་གིས་ཁམས་པའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་དང་དཀར་མཛེས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱེད་པ་མ་ཚད་མི་རིགས་ཁག་གི་མི་དམངས་རྣམས་མདུན་བསྐྱོད་ཀྱི་སྙིང་སྟོབས་སྟོན།
  • ལེ་ཚན་སྔོན་མ།:སྤྲོ་སེམས་འཁོལ་བའི་ངང་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བར་དགའ་སྟོན་རྟེ
  • ལེ་ཚན་རྗེས་མ།:ཚོན་མདོག་རྣམ་པར་བཀྲ་བའི་དཀར་མཛེས་ཞེས་པའི་རྒྱུད་རིམ་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།