ཁུལ་བསྡོམས་རྩིས་ཅུས་ཀྱིས་ཉེ་གཉེན་སྒྲིག་འཛུགས་བྱས་ཏེ་ལུས་ཁམས་བདེ་ཐང་གི་ཞིབ་བཤེར་བྱེད།

        2013-03-28

ཉེ་ཆར། ཁུལ་བསྡོམས་རྩིས་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་སྒྲུབ་ཚོ་ཆུང་གིས་སྡེ་དགེ་རྫོང་མགར་གྲོང་ཚོ་དང་ཉིན་མོ་གྲོང་ཚོ་གཉིས་ཀྱི་ཞིང་འབྲོག་པའི་ཉེ་གཉེན་སྡེ་དགེ་རྫོང་སྨན་ཁང་དུ་ལུས་པོར་ཞིབ་བཤེར་བྱེད་པར་སྒྲིག་འཛུགས་བྱས་པ་མ་ཟད།  ད་རུང་དེ་ཚོའི་ལུས་ཁམས་བདེ་ཐང་གི་ཡིག་ཚགས་འགོད་པ།
     མགར་གྲོང་ཚོ་དང་ཉིན་མོ་གྲོང་ཚོ་གཉིས་ནི་ཁུལ་བསྡོམས་རྩིས་ཅུས་ཀྱིས་ཉེ་གཉེན་སྒྲིག་པའི་གྲོང་ཚོ་གཉིས་ཡིན་པ། གྲོང་ཚོ་གཉིས་ལ་དུད་ཚང་ཁྱོན་བསྡོམས155ཡོད་ཅིང་གྲོང་མི565ཡོད་པ།  ཉེ་གཉེན་སྒྲིག་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། ཁུལ་བསྡོམས་རྩིས་ཅུས་ཀྱི་གྲོང་ཚོ་གཉིས་སུ་བཅའ་སྡོད་བྱེད་པའི་ལས་སྒྲུབ་ཚོ་ཆུང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་དང་བརྟག་དཔྱད་ཐེངས་མང་པོ་བྱས་ཏེ་དུས་ཐོག་ཏུ་གྲོང་མི་མང་པོར་ནད་རིགས་སྣ་མང་ཕོག་པའི་གནས་ཚུལ་ཤེས་པ།  གྲོང་མི་ཚོའི་ནད་དེ་ལམ་སང་དུ་བཅོས་མི་ཐུབ་ན།  ནད་ཕོག་པའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་པ་དང་།  ནད་ཕོག་པའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་གྱུར་བའི་གནས་ཚུལ་བུད་པར་སྔོན་འགོག་བྱེད་ཆེད།  ཁུལ་བསྡོམས་རྩིས་ཅུས་ཀྱིས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གཤོམ་བྱས་ཏེ་ཉེ་གཉེན་ཚང་མ་སྡེ་དགེ་རྫོང་སྨན་ཁང་དུ་ལུས་པོར་ཞིབ་བཤེར་བྱེད་པར་སྒྲིག་འཛུགས་བྱས་ཤིང་དེ་ཚོར་ལུས་པོ་བདེ་ཐང་གི་ཡིག་ཚགས་འགོད་ཡོད།
     ཐེངས་འདིའི་ལུས་པོར་ཞིབ་བཤེར་བྱེད་པར་གློག་པར་རྒྱག་པ་དང་། ཚད་འདས་སྒྲ་རླབས་ཀྱིས་ནད་བརྟག་ཞིབ་བཤེར། ཁྲག་བལྟ་བ།མོ་ནད་ཚད་ཁག་སོགས་ལུས་པོ་བདེ་ཐང་གི་ཡིག་ཚགས་ལ་གཏོགས་པའི་རྣམ་གྲངས་འདུས་ཡོད། མི་རེའི་ལུས་པོར་ཞིབ་བཤེར་བྱེད་རིན་སྒོར300ཡིན་པ།  མི565ཡི་ཞིབ་བཤེར་རིན་པ་ཁྱོན་བསྡོམས་སྒོར170000ཚང་མ་ཁུལ་བསྡོམས་རྩིས་ཅུས་ཀྱིས་སྤྲོད་པ་རེད། 
 
  • ལེ་ཚན་སྔོན་མ།:མང་ཚོགས་ལས་ཀས་ཉེན་རྟོག་པ་དང་མི་སེར་རྣམས་ཀྱི་སེམས་པ་གཅིག་ཏུ་འབྲེལ།
  • ལེ་ཚན་རྗེས་མ།:གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་འཇིགས་མེད་རྡོ་རྗེ།
  • དོ་སྣང་ཆེ་བའི་རྩོམ།