མང་ཚོགས་ལས་ཀས་ཉེན་རྟོག་པ་དང་མི་སེར་རྣམས་ཀྱི་སེམས་པ་གཅིག་ཏུ་འབྲེལ།

        2013-03-28

དཔྱིད་གསར་དུས་ཆེན་དང་བོད་ལོ་གསར།  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བདེ་འཇགས་སྲུང་སྐྱོང་བྱེད་པའི་དུས་སུ།  རང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་བྱེད་ཐབས་སྣ་ཚོགས་བླངས་ནས་དམངས་འཚོ་ལས་ཀ་བསྒྲུབས་པ་དང་།  ཉེན་རྟོག་དམག་ཤུགས་གཞི་རིམ་ནས་བཏོན་ཏེ་མང་ཚོགས་ལས་ཀས་ཉེན་རྟོག་པ་དང་མི་སེར་བར་འབྲེལ་བའི་ཟམ་པ་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  ན་ནིང་ལོ་ནས་བཟུང་རང་ཁུལ་གྱིས་རྫོང་ཁག་སོ་སོའི་གྲོང་ཁུལ་ཚང་མར་བཟོ་ལྟ་གཅིག་གྱུར་གྱི་ནང་ལ་དྲོད་ཚད་སྙོམ་སྒྲིག་བྱེད་སའི་འཕྲུལ་ཆས་སྒྲིག་སྦྱོར་བྱས་པའི་གློག་དེད་ཉེན་དོན་རླངས་འཁོར་ཉོས་ནས་ཉིན་མཚན་མེད་པར་མི་སེར་ལ་སྟབས་བདེའི་ཞབས་ཕྱི་བསྒྲུབས་པ་དང་།  སྒྲིག་ལམ་རྙོག་འཛིང་ཆེ་བའི་ས་གནས་སུ་དམངས་ལ་སྟབས་བདེ་ཞབས་ཕྱི་སྒྲུབ་སའི་ས་ཚུགས་ཀྱིས་ཀྱང་ཉིན་མཚན་མེད་པར་དམངས་ལ་སྟབས་བདེ་ཞབས་ཕྱི་བསྒྲུབས་པར་བརྟེན།  ཉེས་དོན་དང་བདེ་འཇགས་གྱོ ད་དོན་བུད་ཚད་མངོན་གསལ་གྱིས་ཉུང་དུ་ཕྱིན་པ་རེད།
སེར་ཤུལ་རྫོང་དགེ་མང་ཤང་དགེ་མང་གྲོང་ཚོ་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་བཟང་གིས་བཤད་རྒྱུར།  ན་ནིང་ལོའི་ཟླ་བ9པའི་ནང་ཐེངས་དང་པོར་གཉེན་ཉེ་སྒྲིག་པ་ནས་བཟུང་།  ང་ཚོ་འབྲོག་པ་ཚོའི་ཉེན་རྟོག་པའི་གཉེན་རིགས་ཚང་མ་ང་ཚོར་ལྟ་སར་སླེབས་བྱུང་།  ད་ལོའི་བོད་ལོ་གསར་དང་ཐེངས་འདིར་འོངས་པའི་ལས་སྒྲུབ་ཚོ་ཆུང་གི་འཐུས་མི་ཚོས་དུད་ཚང་རེ་རེ་བཞིན་དུ་འཚམས་འདྲི་བྱེད་དུ་ཕྱིན་ནས་བདེ་དྲོད་སྟེར་བ་རེད།  ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེས་བཤད་རྒྱུར། ཁུལ་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པ་དང་ལས་བཟོ་ཚོས་དཔྱིད་གསར་དུས་ཆེན་དང་།  བོད་ལོ་གསར་ནས་བཟུང་དུད་ཚང15000ཡི་མི་གྲངས68700ལྷག་ཙམ་དང་།དགོན་པ298འཚམས་འདྲི་བྱས་པ་རེད། གྲྭ་བཙུན་མིའི་ཐེངས་གྲངས3800དང་བཞུགས་མོལ་བྱས་པ་དང་འཚམས་འདྲིའི་ལེགས་སྐྱེས་དངོས་པོ་དང་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི508.63སྟེར་ནས་ཉེན་རྟོག་པ་དང་མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་བསྡོམས་རྩིས་ཅུས་ཀྱིས་གཉེན་ཉེ་ཚོར་བདེ་དྲོ་བསྐྱལ།
  • ལེ་ཚན་རྗེས་མ།:ཁུལ་བསྡོམས་རྩིས་ཅུས་ཀྱིས་ཉེ་གཉེན་སྒྲིག་འཛུགས་བྱས་ཏེ་ལུས་ཁམས་བདེ་ཐང་གི་ཞིབ་བཤེར་བྱེད།
  • དོ་སྣང་ཆེ་བའི་རྩོམ།