ཁུལ་བསྡོམས་རྩིས་ཅུས་ཀྱིས་གཉེན་ཉེ་ཚོར་བདེ་དྲོ་བསྐྱལ།

﹙ཀུན་དགས་བསྒྱུར།﹚        2013-03-28

ཉེ་ཆར།ཁུལ་བསྡོམས་རྩིས་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་རྣམས་སྡེ་དགེ་རྫོང་གི་ཉིན་མོ་གྲོང་སྡེ་དང་མགར་ཚང་གྲོང་སྡེར་སོང་ནས་རང་གི་གཉེན་ཉེ་ཚོར་འཚམས་འདྲིའི་དངོས་རྫས་བསྐྱལ་བ་དང་།ཏང་གི་སེམས་ཁུར་གཉེན་ཉེའི་ཁྱིམ་དུ་བསྐྱལ་བ་རེད།   ལས་སྒྲུབ་ཚོ་ཆུང་གིས་དཀའ་ངལ་དང་གྲང་ངར་ལ་མ་འཛེམས་པར་ཁ་ཆར་དང་གྲང་རླུང་གི་ཁྲོད་དུ་རང་རང་གི་ཉེ་གཉེན་དུད་ཚང་དུ་སོང་ནས་ཁོ་ཚོར་ཁམས་བདེ་འདྲི་བ་དང་དཀའ་ངལ་འདྲི་བ། ཐོན་སྐྱེད་འཚོ་བའི་གནས་ཚུལ་སོགས་ཤེས་རྟོགས་དང་ཁོ་ཚོའི་དཀའ་ངལ་ཐག་གཅོད་རོགས་བྱས་པར་མ་ཟད།རྫོང་དེའི་དགོན་ཆེན་གྲོང་སྡེ་རུ་གཅིག་བསྡུས་ཀྱིས་འཚམས་འདྲིའི་དངོས་རྫས་སྤ།སྤྲོད་པའི་མཛད་སྒོ་སྤེལ་བ་རེད།   ཐེངས་འདིར་གཉེར་ཉེ་དུད་ཚང155ལ་གྲོ་ཕྱེ་དང་ཟ་སྣུམ་སོགས་འཚམས་འདྲིའི་དངོས་རྫས་སྤྲད་ཡོད། ཁྱོན་བསྡོམས་སྒོར་ཁྲི4ཙམ་རི་བའི་དངོས་རྫས་སྤྲོད་ཡོད།
       
  • ལེ་ཚན་སྔོན་མ།: བསོད་ནམས་ལྷ་མོར་བདེ་སྐྱིད་ཀྱི་ཁྱིམ་གཞིས་དྲོད་མོ་ཞིག་ཡོད།
  • ལེ་ཚན་རྗེས་མ།:མང་ཚོགས་ལས་ཀས་ཉེན་རྟོག་པ་དང་མི་སེར་རྣམས་ཀྱི་སེམས་པ་གཅིག་ཏུ་འབྲེལ།
  • དོ་སྣང་ཆེ་བའི་རྩོམ།