བསོད་ནམས་ལྷ་མོར་བདེ་སྐྱིད་ཀྱི་ཁྱིམ་གཞིས་དྲོད་མོ་ཞིག་ཡོད།

﹙ཀུན་དགས་བསྒྱུར།﹚        2013-03-28

ན་ལོར། ཁུལ་ལྗོངས་རྒྱུ་ཅུས་ཀྱི་ལས་བྱེད་ལས་བཟོ་རྣམས་ཀྱིས་སྡེ་དགེ་རྫོང་ཕུ་མ་ཤང་དུ་མང་ཚོགས་ལས་ཀ་སྤེལ་དུས་ལས་བཟོ་ཧོ་ཧྲི་ཧྲུན་གྱི་གཉེན་ཉེ་དུད་ཚང་ནང་བསོད་ནམས་ལྷ་མོ་ཟེར་བའི་དྲྭ་ཕྲུག་ལོ13ཅན་ཞིག་ཡོད་པ་དང་། བུ་མོ་ཆུང་ཆུང་དེ་སྔར་ཤང་དེའི་ལྟེ་བའི་སློབ་ཆུང་དུ་སློབ་སྦྱོང་བྱས་མྱོང་བའི་གནས་ཚུལ་བཅས་ཤེས་རྗེས། ཅུས་ཀྲང་ཞོའོ་ཧྥུང་ལགས་ཀྱིས་སེམས་ཁུར་དང་མཐོང་ཆེན་བྱས་ནས་མགྱོ གས་མྱུར་དུ་ལས་བྱེད་ལས་བཟོ་རྣམས་ཁྲིད་དེ་ཁོ་མོའི་ཁྱིམ་དུ་སོང་བ་རེད། སྒོ་ནང་དུ་སླེབས་མ་ཐག་ཚང་མའི་མིག་ལམ་དུ་མཐོང་བ་ནི་བུ་མོ་ཁེར་རྐྱང་དང་ཁོའི་རྙིང་ཧྲུལ་གྱི་གོས་ལྷམ་ཙམ་མ་གཏོགས་ཧ་ལམ་གང་ཡང་མེད་པས་ཚང་མ་སེམས་སྐྱོ་བ་དང་སྙིང་རྗེ་ནས་མིག་ཟུང་ནས་རང་དབང་མེད་པར་མཆི་མ་ལྷུང། དེ་རྗེས་ཁོང་ཚོས་བསོད་ནམས་ལྷ་མོར་རེ་བ་དང་མི་འདང་ས་གང་ཞིག་ཡོད་དམ་ཞེས་འདྲི་དུས་བསོད་ནམས་ལྷ་མོས་རྒྱ་སྐད་བདེ་ལ་མ་བདེ་ཡིས་ང་རང་སློབ་གྲྭར་འགྲོ་རྒྱུར་དགའ་ཞེས་བརྗོད་སྐབས་ཚང་མས་ཁོ་མོའི་ཕུགས་བསམ་དང་རེ་འདུན་ལ་ཧ་ཅང་སེམས་འགུལ་ཐེབས་པས་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་བྱས།
ཞོའོ་ཧྥུང་གིས་བཤད་རྒྱུར། ཁོ་མོའི་རེ་འདུན་དང་བསམ་བློ་ཧ་ཅང་ཡག་པོ་འདུག   ང་ཚོས་ངེས་པར་དུ་ཁོ་མོའི་སློབ་གྲྭར་ཞུགས་པའི་ཕུགས་བསམ་དང་རེ་འདུན་འགྲུབ་པ་བྱ་དགོས་ཞེས་བརྗོད་མ་ཐག་ལས་བཟོ་ཚང་མས་གང་འདྲ་བྱས་ནས་བསོད་ནམས་ལྷ་མོ་མགྱོ གས་མྱུར་དུ་སློབ་གྲྭར་ཞུགས་རྒྱུའི་ཐད་གྲོས་མོལ་བྱས་པ་རེད། ཞོའོ་ཧྥུང་གིས་བསམ་རྒྱུར། གལ་སྲིད་ཁོ་མོ་ས་དེ་གའི་སློབ་གྲྭར་སློབ་ཞུགས་བྱེད་བཅུག་ན་བར་ཆད་ག་གེ་མོའི་འོག་སློབ་གྲྭ་ལས་བུད་རྒྱུ་རེད། སློབ་གྲྭ་ལས་བུད་ན་ཁོ་མོའི་ཕྱིན་ཆད་ཀྱི་འཚར་ལོངས་དང་འཚོ་བ་སོགས་གང་ཅིའི་ཐད་ལ་ཡག་པོ་ཞིག་མི་ཡོང་བར་སེམས་ཁུར་དང་དོན་ཁུར་ཚད་མེད་བྱས་པས་མ་ཚད་མགྱོ གས་མྱུར་དུ་ཁ་པར་བླངས་ཏེ་སྡེ་དགེ་རྫོང་སློབ་འབྲིང་ལ་འབྲེལ་བ་བྱས་ནས་བསོད་ནམས་ལྷ་མོར་སློབ་སྦྱོང་གི་ཁོར་ཡུག་དང་སློབ་སྦྱོང་གི་ཆ་རྐྱེན་སོགས་ཡག་པོ་མཁོ་སྤྲོད་བྱས་པ་རེད།
ཧོ་ཧྲི་ཧྲུན་ཞང་ནི་ཅུས་ནང་གི་ཁ་ལོ་བ་ཞིག་ཡིན། ཐེངས་འདིའི་མང་ཚོགས་ལས་ཀའི་ཁྲོད་དུ་ཁོ་ནི་བསོད་ནམས་ལྷ་མོའི་ཉེ་གཉེན་ཡིན་པས་བསོད་ནམས་ལྷ་མོའི་སློབ་སྦྱོང་དང་འཚོ་བའི་ཐད་ལ་སྒོར1000ཙམ་རོགས་རམ་བྱས་པས་མ་ཚད་ཕྱིན་ཆད་ཁོ་གཉིས་བར་གྱི་འབྲེལ་བ་བྱེད་བདེ་བའི་ཆེད་དུ་ལག་ཁྱེར་ཁ་པར་ཞིག་ཀྱང་ཉོས་ནས་བྱིན་པ་རེད། 
ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་ཅུས་ཀྲང་གཞོན་པ་ལུའུ་ཧུང་གིས་བསོད་ནམས་ལྷ་མོའི་གུང་གསེང་གི་དུས་སྐབས་དང་བསྟུན་ནས་ཆེད་དུ་སྡེ་དགེ་རྫོང་ཕུ་མ་ཤང་དུ་ཁོ་མོར་ལྟ་སར་སོང་བས་མ་ཚད་ཁོ་མོ་དར་མདོར་ཁྲིད་ནས་ལས་བཟོ་ཚོ་དང་མཉམ་དུ་ལོ་སར་བཏང་བ་རེད། དཔྱིད་གསར་དུས་ཆེན་གྱི་སྐབས་སུ་ཅུས་ནང་གི་ཨ་ཁུ་དང་ཨ་དབྱི་རྣམས་ཀྱིས་ཁོ་མོར་གོས་གསར་པ་ཉོན་པ་དང་དུས་རྒྱུན་གྱི་འཚོ་བའི་སྤྱོད་ཆས་སོགས་མང་པོ་ཉོན་པས་མ་ཚད་ཁྲེང་ཏུའུ་ལ་ཁྲིད་ནས་ལུས་པོར་ཞིབ་བཤེར་བྱས་པ་རེད།
ད་ནི་གུང་གསེང་གི་དུས་ཚོད་འགོར་ཚར་ལ་ཉེ་དུས་ཅུས་ནང་གི་ལས་བཟོ་རྣམས་ཀྱིས་མི་རེས་སྒོར200ཙམ་བྱིན་ནས་ཁོ་མོར་སློབ་གྲྭར་ལོག་སྐབས་ཀྱི་རླངས་འཁོར་རིན་པ་དང་འཚོ་བའི་གྲོན་དངུལ་བྱས་བཅུག་པ་རེད། ཅུས་དེའི་ཨ་ཁུ་ཨ་དབྱི་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་འོག བསོད་ནམས་ལྷ་མོར་སྦྱོང་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་དང་འཚོ་བའི་ཐད་སེམས་ཁྲལ་བྱེད་མི་དགོས་ནས་སློབ་སྦྱོང་བྱེད་ཐུབ་པའི་གོ་སྐབས་བཟང་པོ་ཞིག་རྙེད་པ་རེད། 
  • ལེ་ཚན་སྔོན་མ།:ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱི་མང་ཚོགས་ལས་ཀ་ཚོ་ཆུང་གི་མི་སྣ་ལྕགས་ཟམ་རྫོང་སྡེ་ཐོག་ཤང་ནན་ཐོའུ་གྲོང་ཚོར་ཕྱ
  • ལེ་ཚན་རྗེས་མ།:ཁུལ་བསྡོམས་རྩིས་ཅུས་ཀྱིས་གཉེན་ཉེ་ཚོར་བདེ་དྲོ་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།