ཁུལ་ཨུའི་མང་ཚོགས་ལས་དོན་ཅུས་ཀྱིས་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀར་ཐབས་ཇུས་བཏོན།

(དབྱངས་ཅན་གྱིས་བསྒྱུར།)        2013-03-28

ཉེ་ཆར་ཁུལ་ཨུའི་མང་ཚོགས་ལས་དོན་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་ལི་ཐང་རྫོང་གི་ཧོར་རྙིང་ཤང་ལྔ་བཅུ་གྲོང་ཚོ་རུ་ཕྱིན་ནས་ཏང་ཀྲི་པུའུ་མཉམ་འཛུགས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་རེད།
  ན་ལོ་མཉམ་འཛུགས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། ཅུས་དེའི་ཏང་ཀྲི་པུའུ་དང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོ་དེའི་འབྲོག་པ་མང་ཚོགས་ལ《ཏང་གི་སྒྲིག་ཡིག》དང་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་བྱས་ནས། མང་ཚོགས་ཏང་རྩ་འཛུགས་ནང་ཞུགས་རྒྱུར་སྐུལ་སློང་བྱེད་གང་ཐུབ་བྱ་རྒྱུ་དང་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱས། དྲིལ་བསྒྲགས་སློབ་གསོ་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བར་བརྒྱུད་ལོ་ཆུང་གཞོན་ནུ་གཉིས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་རྒྱུའི་རེ་ཞུ་ཡི་གེ་སྤྲད་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཁོ་ཚོ་ཏང་ནང་ཞུགས་པའི་ཧུར་བརྩོན་མི་སྣ་རུ་བཞག་ནས་གཙོ་གནད་དུ་གསོ་སྐྱོང་བྱེད་བཞིན་ཡོད།
ལས་སྒྲུབ་ཚོ་ཆུང་དང་བཅས་པས་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ལྟེ་གནས་ལ་ལྟ་སྐོར་བྱས།  བྱེད་སྒོའི་ལྟེ་གནས་དེ་ལྔ་བཅུ་དང་། ལྔ་བ། གནས་ཚང་བཅས་གྲོང་ཚོ3གྱི་བྱེད་སྒོ་སྤེལ་ཁང་ཡིན། མིག་སྔར་གྲུབ་ཆ་གཙོ་བོའི་ཨར་ལས་ལེགས་འགྲུབ་བྱས་ཟིན། གྲོང་ཚོ་དེའི་ཀྲི་པུའུ་ཡིས་གནད་དོན་གསུམ་བཏོན་ཡོད་པ་སྟེ། གཅིག་ནི་གྲོང་ཚོའི་བྱེད་སྒོ་ལྟེ་གནས་རང་བསྐྲུན་སྡོད་ཁང་གི་མ་དངུལ་མི་འདང་བའི་སྐོར་གྱི་གནད་དོན་དང་། གཉིས་ནི་རྒྱང་རིང་དུ་ཕྱུགས་འཚོ་སར་ཕྱིན་པའི་གཞུང་ལམ་འཛུགས་སྐྲུན་སྐོར་གྱི་གནད་དོན། གསུན་ནི་ལྔ་བཅུ་གྲོང་ཚོའི་འབྲོག་པའི་གཞིས་ཆགས་བྱ་ཡུལ་གྱི་དགུན་དུས་སུ་ཆུ་སྤྱོད་རྒྱུའི་དཀའ་ངལ་སྐོར་གྱི་གནད་དོན་བཅས་ཐག་གཅོད་བྱེད་རོགས་ཞེས་རེ་བ་བཏོན་པ་རེད།
   ལས་སྒྲུབ་ཚོ་ཆུང་གིས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་བསམ་འཆར་ལ་ཉན་འཇོག་ཡག་པོ་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་ལ་འཐབ་འཛིང་གི་བཙན་རྫོང་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲི་པུའུ་ཡག་པོ་འཛུགས་པ་དང་མང་ཚོགས་སྣེ་ཁྲིད་བྱས་ཏེ་ཐུན་མོང་དུ་འབད་བརྩོན་བྱས་པར་བརྒྱུད། ལོ་རེར་ཏང་ནང་ཞུགས་མཁན་ཧུར་བརྩོན་མི་སྣ2ནས3བར་གསོ་སྐྱོང་བྱ་རྒྱུ་དང་ཏང་ཡོན་གཅིག་གོང་འཕེལ་གཏོང་རྒྱུར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ལྔ་བཅུ་གྲོང་ཚོ་ནི་འབྲོག་ལས་གྲོང་ཚོ་ཁེར་གཙང་གི་ཁོངས་སུ་གཏོགས་པ་དང་། གྲོང་མིའི་དཔལ་འབྱོར་ཡོང་སྒོ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་དང་ནོར་ཕྱུགས་གསོ་སྤེལ་བྱ་རྒྱུ་ལ་བརྟེན་དགོས་པ་དང་།  ནོར་ཕྱུགས་བཤས་ཁོངས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས།ཐེངས་འདིའི་གྲོང་ཚོའི་ཀྲི་པུའུ་ཡིས་བཏོན་པའི་དཀའ་ངལ་སྐོར་གྱི་གནད་དོན་དེ་བརྩོན་ལེན་བྱེད་གང་ཐུབ་བྱས་ཏེ་གྲོང་ཚོའི་ཀྲི་པུའུ་དང་གྲོང་མིའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ངལ་རྩོལ་ནང་ཉེ་གཉེན་བརྩི་དུང་ཇེ་ཟབ་བཅངས།
  • ལེ་ཚན་རྗེས་མ།:ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱི་མང་ཚོགས་ལས་ཀ་ཚོ་ཆུང་གི་མི་སྣ་ལྕགས་ཟམ་རྫོང་སྡེ་ཐོག་ཤང་ནན་ཐོའུ་གྲོང་ཚོར་ཕྱ
  • དོ་སྣང་ཆེ་བའི་རྩོམ།