དབྱར་ཁ་རྐང་དྲིའི་ནད་ལ་གཟབ་དགོས།

        2010-04-28

རྐང་དྲི་ནི་སྨན་གཞུང་ཐོག་པའི་ཟ་རྐོང་ཞེས་དརྗོད་ཅིང་དེ་ནི་དུག་ལྡན་འབུ་ཕྲ་རྐང་མཐིལ་གྱི་པགས་ནང་ནས་འཛུལ་ཏེ་བྱུང་བའི་པགས་ནད་ཀྱི་རིགས་ཤིག་ཡིན་ལ་ནད་རྟགས་ནི་རྐང་མཐིལ་དམར་པོ་ཆགས་པའམ་ཆེ་ཆུང་འབྲས་རྡོག་ཙམ་སྐྱེས་ནས་ཕུར་སྐབས་ཆུ་སེར་ཐོན་ཏེ་ཟ་ཁྲུག་བཟོད་དཀའ་བ་ལངས་ཀྱི་ཡོད།
རྐང་དྲི་མང་ཆེ་བ་དབྱར་དུས་སུ་ཐོན་ལ་ལྷག་པར་དུ་རྐང་མཐིལ་ནས་རྔུལ་ཆུ་ཐོན་སླ་བ་དང་རྟག་ཏུ་འགྱིག་ལྷམ་གྱོན་མཁན་གྱི་མིར་ནད་དེ་བས་འཕོག་སླ་བས་རྐང་དྲི་སྔོན་འགོག་བྱ་ཆེད་རྐང་མཐིལ་ནས་རྔུལ་ཆུ་དོན་སླ་བའི་མིས་ཡག་ཤོས་སུ་རས་ལྷམ་གྱོན་པ་དང་རྐང་སུག་ཡང་ཡང་བརྗེ་དགོས་ཤིང་རྐང་པ་རྟག་ཏུ་འཁྲུད་དགོས་པ་མ་ཟད་ལྷམ་ཉི་འོད་ཡོད་སར་སྐམ་དགོས།གལ་ཏེ་རྔུལ་ཆུ་དོན་ཆེན་སྨན་ཧྥུན་མ་ལིན་བརྒྱ་ཆ2---5དང་ཡང་ན་ལྦུ་ལོ་ཐུའི་ཕིན་གྱིས་རྔུལ་ཆུ་དོན་རྒྱུ་ཚོད་འཛིན་བྱེད་དགོས།ལྷག་པར་དུ་རྐང་དྲི་ཡོད་མཁན་མིའི་ལྷམ་དང་རྐང་སུག་མཉམ་དུ་གྱོན་རེས་དང་རྐང་པ་འཁྲུད་སྣོད་དང་ཕྱིས་རས་མཉམ་དུ་སྤྱད་རྒྱུ་མེད།རྐང་དྲིའི་ནད་བཅོས་པའི་རྒྱུན་སྤྱོད་ཀྱི་ཐབས་འགའ།
1རྐང་པའི་མཛུབ་མོའི་གསེང་དུ་ཀའོ་མུང་སོའན་ཅས་སྦོང་དགོས་པ་དང་དེ་རྗེས་ལུང་ཏན་ཙེའི་སྨན་ཆུ་བརྒྱ་ཆ2དང་ཡང་ན་ཐུའུ་ཅིན་ཕི་ཏིང་བྱུག་དགོས་ཤིང་གཉན་ཁ་རྒྱས་ཏེ་རྨ་ཆགས་པར་འབུ་ཕྲ་འགོག་སྨན་ཁར་ཟ་བའམ་བྱུག་ན་བཅོས་ཐུབ།
2རྐང་པ་གཙང་མར་བཀྲུས་ནས་ཕྱིས་རྗེས་སྲིང་བལ་ལ་སྨན་ཆུད་དམར་པོ་བྱུགས་ཏེ་རྐང་པའི་མཛུབ་མོའི་གསེང་དུ་ཐེངས་གཉིས་འཇུག་ན་ནུས་པ་ཐོན་ཐུབ།
3སྒོག་ཆེན་ལེབ་མོར་བཏུབས་ཏེ་རྐང་མཛུབ་གསེང་སྦྱར་ན་ཟ་འཁྲུག་ལངས་པ་ལམ་སེང་འགོག་ཐུབ།མུ་མཐུད་ཐེངས་འགའ་སྦྱར་ན་རྐང་དྲི་བཅོས་ཐུབ་བོ།

  • ལེ་ཚན་སྔོན་མ།: ཕོ་བ་ན་བའི་གསོ་ཐབས་སྟབས་བདེ་ཞིག
  • ལེ་ཚན་རྗེས་མ།:དོགས་ཟོན་བྱེད་དགོས་པ་ཁ་ཤས།
  • དོ་སྣང་ཆེ་བའི་རྩོམ།