ལྷ་སའི་གྲོང་མི་རྣམས་ཀྱིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་འོས་འགན་གྱི་ལྕང་འཛུགས་བྱེད་སྒོར་ཞུགས་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-03-27

ལྷ་སའི་གྲོང་མི་རྣམས་ཀྱིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་འོས་འགན་གྱི་ལྕང་འཛུགས་བྱེད་སྒོར་ཞུགས་པ།
 

གྲོང་མི་རྣམས་ཀྱིས་ལྕང་མ་བཙུགས་བཞིན་པ།

ལྷ་སའི་གྲོང་མི་རྣམས་ཀྱིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་འོས་འགན་གྱི་ལྕང་འཛུགས་བྱེད་སྒོར་ཞུགས་པ།

གྲོང་མི་རྣམས་ཀྱིས་ལྕང་མ་བཙུགས་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས23ཉིན་གྱི་ཞོགས་པར། བོད་ལྗོངས《ལྷ་ས་དགོངས་དྲོའི་ཚགས་པར》གྱིས་སྤེལ་བའི་འོས་འགན་གྱི་ལྕང་འཛུགས་བྱེད་སྒོ་དེར་གྲོང་མི་མང་མོ་ཞིག་ཞུགས་ཡོད་པ་དང་གྲོང་མི་རྣམས་ཀྱིས་ཞོགས་པ་སྔ་པོ་ནས་ལྷ་སའི་ཤར་ཕྱོགས་ཀྱི་སྡོང་ཕྲུག་ར་བའི་ལྟེ་གནས་སུ་སྐྱོད་ཡོད་པ་རེད། ཆུ་ཚོད10དང་སྐར་མ30ཡི་ཐོག་ལྕང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་། གྲོང་མི་རྣམས་ཀྱིས་རང་སོ་སོར་དབྱེ་བའི་ས་ཁོངས་སུ་ཤིང་མྱུག་དབོར་བ་དང་ས་སྐྱོར་རྒྱག་པ། ཆུ་གཏོང་བ་སོགས་བྱས་ནས་སྔོ་ལྗང་འདེབས་འཛུགས་ཀྱི་ལས་དོན་ལ་གཞོགས་འདེགས་གནང་ཡོད་པ་རེད།  །


 

  • ལེ་ཚན་སྔོན་མ།:མཚོ་སྔོན་བོད་ཡིག་ཁ་པར་གསར་འགྱུར་ཟླ3པའི་ཚེས28ཉིན་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་པེ་ཅིན་ནས་ཚོགས་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།