དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།

གངས་དབང་གིས།        2013-03-26

དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།
དཀར་མཛེས་ཁུལ་རིག་ཚོགས་ཀྱི2013ལོའི་ལས་དོན་གྲོས་ཚོགས་དེ་ཟླ3པའི་ཚེས26ཉིན་ལ་དར་མདོའི་གེ་སར་མགྲོན་ཁང་དུ་འཚོགས་པ་རེད།ཁུལ་གྱི་པར་ལེན་མཐུན་ཚོགས་དང་བྲིས་པའི་མཐུན་ཚོགས།རྩོམ་པ་པོའི་མཐུན་ཚོགས།ལོ་ཙྭ་བའི་མཐུན་ཚོགས་སོགས་མཐུན་ཚོགས་བཅུ་ཡི་འཐུས་མི་དང་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་དང་ཀྲུའུ་ཞི་གཞོན་པ་ལི་ཆིང་ཡིང་བཅས་ཚོགས་འདུར་ཞུགས།ཚོགས་འདུའི་ཐོག་ལ་2012ལོའི་སྔོན་ཐོན་གྱི་རིག་རྩལ་ལས་དོན་པ་དང་སྔོན་ཐོན་གྱི་མཐུན་ཚོགས།བརྩམས་ཆོས་ཡག་མོ་ཐོན་པའི་སྔོན་ཐོན་གྱི་མི་སྣ་རྣམས་ལ་བྱ་དགའ་གནང་རྗེས་ཀྲུའུ་ཞི་གཞོན་པ་ལི་ཆིང་ཡིང་གིས་2012ལོའི་ལས་དོན་ལ་ཕྱོགས་སྡོམ་དང་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་ཀྱིས་2013ལོའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་གནང་བ་རེད།
 
 དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།

སྔོན་ཐོན་གྱི་མཐུན་ཚོགས་ལ་བྱ་དགའ་གནང་བ།དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།

སྔོན་ཐོན་གྱི་རིག་རྩལ་ལས་དོན་པ་རྣམས་ལ་བྱ་དགའ་གནང་བ།
 

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ངལ་རྩོལ་ནང་ཉེ་གཉེན་བརྩི་དུང་ཇེ་ཟབ་བཅངས།
  • དོ་སྣང་ཆེ་བའི་རྩོམ།