ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་གྲོས་ཚོགས་དར་མདོར་འཚོགས།

(སྐལ་ཐུབ་ཀྱིས་བསྒྱུར།)        2013-03-26

ཟླ་བ3པའི་ཚེས18ཉིན།  ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།ཁུལ་འགོ་ཁྲིད་ཧུའུ་ཁྲང་ཧྲེང་དང་། པི་ཧྲི་ཞང་།  ཀའོ་ལིན་བཅས་གྲོས་ཚོགས་སུ་ཞུགས་ཤིང་གསུངས་བཤད་གལ་ཆེན་གནང་བ་དང་།   དབྱང་ཞའོ་ཏུང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།
  ཧུའུ་ཁྲང་ཧྲེང་གིས་བསྟན་དོན།  ཁུལ་ཡོངས་ཀྱི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བའི་རེ་སྒུག་གསར་པ་དང་མཐུན་ཞིང་།  རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་སྤེལ་ཆེན་པོ་གཏོང་བའི་འགན་འཁྲི་དེ་བས་ཡག་པོ་ཁུར་རྒྱུ་ནི་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཡིན།  རིམ་ཁག་དང་སྡེ་ཁག་གིས་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ཆེས་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།  གོ་སྐབས་དམ་འཛིན་ནན་ཏིག་བྱེད་པ་དང་།  འགྲན་རྩོད་ལ་ཁ་གཏད་ཧུར་ཐག་འཇལ་བ།   ལས་ཀའི་རང་དབང་དམ་པོར་འཛིན་པ། ལས་ཀའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན།  དངོས་ཕན་རང་བཞིན་བཅས་ཀྱི་ལེགས་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
   ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་རྒྱུ།  ལྟེ་གནས་ལས་དོན་ལ་དམིགས་ཤིང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཏེ་ལས་ཀའི་སྐུལ་སྤེལ་ནུས་ཤུགས་ཇེ་ཆེར་གཏོང་དགོས།  ཁ་ཕྱོགས་ཤེས་ཤིང་རང་འགུལ་གྱི་སྒོ་ནས་གླེང་ཕྱོགས་ཀྱི་སྐུལ་ཁྲིད་ནུས་པ་ཇེ་མཐོར་གཏོང་དགོས། གཞི་རིམ་དུ་ཟབ་འཇུག་དང་མང་ཚོགས་ཁྲོད་དུ་ཕྱིན་ནས་བསམ་བློའི་གོང་བུ་འགྲིལ་ཤུགས་ཇེ་ཆེར་གཏོང་དགོས།  ཡ་རབས་རྒྱུད་སྤེལ་དང་སྲོལ་གོམས་བཟང་པོར་སྣེ་ཁྲིད་བྱས་ཏེ་རིན་ཐང་སྒྲིག་ཤུགས་ཆེ་རུ་གཏོང་བ། དགོས་མཁོར་དམ་གཞིགས་དང་མ་འཇོག་ཇེ་ཆེར་བཏང་ནས་རིག་གནས་ཞབས་ཞུ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐབས་ལམ་རྒྱ་སྐྱེད་དང་བྱེད་ཐབས་དང་དོད་བྱས་ནས་གཟུགས་བརྙན་མཚོན་ཤུགས་ཇེ་ཆེར་གཏོང་བ། འདུ་ཤེས་གསར་བསྒྱུར་དང་བཀག་རྒྱ་བསྒྲལ་ནས་དྲིལ་བསྒྲགས་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས།
  • ལེ་ཚན་སྔོན་མ།:ལི་ཁང་རོང་བྲག་གདོང་གྲོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།