ལི་ཁང་རོང་བྲག་གདོང་གྲོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།

(ལྷ་འཛོམས་ཀྱིས་བསྒྱུར།)        2013-03-26

ཟླ་བ3པའི་ཚེས14ཉིན།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་རོང་བྲག་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ།ཁུལ་དང་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་ཁུར་མི་སྣའི་ཕེབས་རོགས་འོག  རོང་བྲག་རྫོང་གི་མདའ་ཟིས་ཤང་གི་གདོང་གྲོང་དུ་བརྟག་དཔྱད་ཞིབ་འཇུག་གནང་བ།ལི་ཁང་དང་བཅས་པས་གྲོང་སྡེའི་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་སྡེའི་སླར་གསོ་བཟོ་བཅོས་བྱེད་དགོས་པའི་ཟམ་པ་རྒྱག་ཡུལ་དངོས་སུ་ཕེབས་ནས་ཞིབ་མོ་བལྟས་ནས་ཟམ་པ་རྒྱག་ས་འདེམས་རྒྱུ་དང་རྒྱུ་ཆས་སོགས་ཀྱི་གནས་ཚུལ་ཞིབ་པོ་དྲིས་པར་མ་ཚད།ད་དུང་འགྲིམ་འགྲུལ་སྡེ་ཁག་གི་ལག་རྩལ་མི་སྣར་ཟམ་པ་ཇུས་འགོད་བྱེད་དུས་གདོང་གྲོང་སྡེའི་ལྗོངས་རྒྱུ་ཧྲིལ་པོའི་རྣམ་པ་དང་མཐུན་ཞིང་།མི་དམངས་ལ་སྟབས་བདེ་སྤྲད་པ།ཕན་ཐོགས་པའི་སྤུས་ལེགས་ཀྱི་བཟོ་སྐྲུན་ཞིག་ཏུ་བསྐྲུན་ནས་ཏང་དང་མང་ཚོགས་བར།ལས་བྱེད་པ་དང་མང་ཚོགས་བར་སེམས་མཐུན་ཟམ་པ་སྐྲུན་དགོས་ཞེས་བླང་བྱ་བཏོན།
ས་གནས་དངོས་སུ་བརྟག་ཞིབ་གནང་རྗེས་ལི་ཁང་དང་བཅས་པ་གདོང་གྲོང་གི་ལྗོངས་རྒྱུ་འཕེལ་རྒྱས་གཏོང་རྒྱུ་སོགས་འབྲེལ་ཡོད་གནས་ཚུལ་སྐོར་ལ་མདའ་ཟིས་ཤང་ཏང་ཨུ་དང་སྲིད་གཞུང་།གདོང་གྲོང་གི་ཨུ་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་།འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་གསན་རྗེས།ལི་ཁང་གིས་མིག་སྔར་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད།གདོང་གྲོང་གིས་ཀྱང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་ཤུགས་ཆེན་པོས་ལྗོངས་རྒྱུ་སྣེ་ལེན་ཞབས་ཕྱི་ཞུ་བའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་ནན་གསུང་གནང་བ།རྟིང་མར་ཁོང་གིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་ཚད་མཐོན་པོ་བྱས་ནས་ལྗོངས་རྒྱུ་མཛེས་ལྗོངས་ཡག་མོ་སྐྲུན་པ་དང།གྲོང་སྡེའི་བྱེད་སྒོ་སྤེལ་གནས་དང་ཟམ་པ་།ཁོར་ཡུལ་གཙང་སྦྲ་སྒྲིག་བཀོད་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡོད་ཁང་བཟོ་བཀོད་ཚང་མ་ལྗོངས་རྒྱུའི་ཧྲིལ་པོར་རྣམ་པ་དང་མཐུན་དགོས་ཞེས་བླང་བྱ་བཏོན་པ་རེད།།
  • ལེ་ཚན་སྔོན་མ།:ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ནས་དམངས་འཚོ་དང་ཐན་འགོག་ལས་ཀར་འགན་སྲུང་བྱ་རྒྱུར་ཞིབ་འཇ
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱེད་པའི་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།