གནའ་བོའི་བོད་ཡིག་དེ་གློག་རྡུལ་དུས་རབས་སུ་བསྐྱོད།

        2013-03-21

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། དེང་སང་བོད་ལྗོངས་སུ་བོད་ཡིག་འཇུག་ཐུབ་པའི་ལག་ཁྱེར་ཁ་པར་བོད་རིགས་སྤུན་ཟླ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།      ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དང་བོད་ལྗོངས་མི་དམངས་སྲིད་གཞུང་གིས་ལོ་མང་པོའི་རིང་ལ་བོད་ཡིག་དང་དེང་རབས་ཚན་རྩལ་མཐུད་པར་འབད་བརྩོན་གྱིས་སྐུལ་འདེད་བྱས་ཏེ་ནང་འདྲེན་བྱེད་ཐབས་དང་ཁ་ལོ་སྒྱུར་བྱེད་མ་ལག།  གཞུང་ལས་སྒྲུབ་པའི་སྙི་ཆས། དྲ་ངོས་རབ་ཙམ་ལྟ་བ་སོགས་རྨང་གཞི་རང་བཞིན་གྱི་བོད་ཡིག་སྙི་ཆས་ཚོ་གཅིག་ཞིབ་འཇུག་དང་གསར་སྤེལ་བྱས་པ་མ་ཟད།ད་རུང་བོད་ལྗོངས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་ལས་ཁུངས་དང་སློབ་གསོ་མ་ལག་ལ་བོད་ཡིག་བརྡ་འཕྲིན་ཐག་གཅོད་བྱེད་པའི་སྙི་ཆས་སྤྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་རེད།
     ད་ལྟར།ལོ་སྟོང་ཕྲག་གཅིག་དང་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་བོད་ཡིག་དེ་གློག་རྡུལ་དུས་རབས་སུ་བསྐྱོད་པ་མ་ཚད།  ད་རུང་གློག་རྡུལ་ཅན་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་འཛམ་བུ་གླིང་ལ་བསྐྱོད་པ།
 
  • ལེ་ཚན་སྔོན་མ།:མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྔའི་རིང་ཞི་ཧུའུ་མཚེའུ་ཆེ་ཆུང་དྲུག་ཙམ་འཕར།
  • ལེ་ཚན་རྗེས་མ།:2013ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གཉིས་པ་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།