ཧྭ་ཞི་གྲོང་གི་སྔོན་མའི་ཏང་ཨུའི་ཧྲུའུ་ཅི་ཝུའུ་རེན་པའོ་སྐུ་གཤེགས།

(མིག་དམར་གྱིས་བསྒྱུར།)        2013-03-21

ཞིན་ཧྭ་གསར་འགྱུར་ཁང་ནན་ཅིན་ནས་ཟླ་བ3པའི་ཚེས18ཉིན་འབྱོར་བའི་གཏམ་གསར། དེང་རབས་གྲོང་སྡེ་ལས་བྱེད་པའི་ཕུལ་བྱུང་གི་འཐུས་ཚབ་དང་ཅང་སུའུ་ཞིང་ཆེན་ཅང་དབྱིན་གྲོང་ཁྱེར་ཧྭ་ཞི་གྲོང་གི་སྔོན་མའི་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཝུའུ་རེན་པའོ་ལ་སྙུང་གཞི་ཕོག་ཏེ་བཅོས་མ་ཐུབ་པར་ཟླ་བ3པའི་ཚེས18ཉིན་ཧྭ་ཞི་གྲོང་ཀྱི་ཁྱིམ་དུ་སྐུ་གཤེགས། ལོ་ན85ལ་སོན།      ཝུའུ་རེན་པའོ་ཡིས་ཧྭ་ཞི་གྲོང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་ནས་ལོ43གྱི་རིང་།དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མདུན་སྐྱོད། ཐུན་མོང་ཕྱུག་འགྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས་གྲོང་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་སྣེ་ཁྲིད་དེ་དཀའ་སྤྱད་ཀྱིས་ལས་ལམ་གསར་འབྱེད་བྱས་ཤིང་། རྗེས་ལུས་ཀྱི་གྲོང་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་གནམ་འོག་གི་གྲོང་དང་པོར་བསྐྲུན་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་པའི་དཔེ་མཚོན་དུ་གྱུར་པ་རེད། ཧྭ་ཞི་གྲོང་ལ་ལོ་གཅིག་གི་ཕྱིར་འཚོང་གི་ཡོང་འབབ་དེ་འདས་པའི་དུས་ཀྱི་སྒོར་དུང་ཕྱུར60ནས་ན་ལོར་སྒོརདུང་ཕྱུར500ལས་བརྒལ། ན་ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་དུང་ཕྱུར8.8ལས་བརྒལ། གྲོང་མིའི་ནང་ཆེས་དམའ་བའི་རྒྱུ་ནོར་སྒོར་ཁྲི་བརྒྱ་ལ་ཟིན། ཆེས་མཐོ་བའི་རྒྱུ་ནོར་སྒོར་ཁྲི་སྟོང་ལ་ཟིན་པ་རེད། ཧྭ་ཞི་གྲོང་གི་ཁྱིམ་ཚང་ཆེན་མོར་གྲོང་མི་ཚོས་དངོས་རྫས་ཀྱི་ཐོག་ཕྱུག་པོ་ཡིན་པ་མ་ཟད།  བསམ་པའི་ཐོག་བདེ་སྐྱིད་ཡིན་པ།
     ཝུའུ་རེན་པའོ་ཡིས་སྐུལ་འདེད་བྱས་འོག   ཧྭ་ཞི་གྲོང་གིས་མཐའ་སྐོར་གྱི་གྲོང་བཅུ་ལྷག་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་ཡོང་བ་མ་ཚད་ཉིང་ཞ་དང་ཧེ་ལུང་ཅང་བཅས་ལ་ཞིང་ཆེན་ཕྱི་རོལ་གྱི་ཧྭ་ཞི་གྲོང་ཅེས་པ་བཙུགས་ཤིང་། ད་དུང་རྒྱལ་ཡོངས་སུ་མི་ཁྲི་བཅུ་ཡན་ཞིང་སྡེའི་གཞི་རིམ་ལས་བྱེད་པ་གསོ་སྐྱོང་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དཔེ་སྐྲུན་ལས་གཞིར་སྒོར་ཁྲི1700ལྷག་གི་རོགས་དངུལ་ཐོབ་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྔའི་རིང་ཞི་ཧུའུ་མཚེའུ་ཆེ་ཆུང་དྲུག་ཙམ་འཕར།
  • དོ་སྣང་ཆེ་བའི་རྩོམ།