ཁུལ་འཛུགས་དུས་ཆེན་གྱི་མཛད་སྒོ་སང་ཉིན་སྤེལ་རྒྱུ་རེད།

        2010-10-26

སྤྱི་ལོ༡༩༥༠ལོའི་ཟླ་བ༡༡པའི་ཚེས༢༤ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ཤིང་། སྤྱི་ལོ་༡༩༥༦ལོར་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་དུ་བསྐྱོད་པ་རེད། ལོ་ངོ་དྲུག་ཅུའི་རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའུ་དང་ཏང་སྲིད་གཞུང་གི་ཐུགས་ཁུར་འོག་ནུབ་རྒྱུད་ཐོན་འབྱེད་ཆེན་མོ་དང་བོད་ཁུལ་དམངས་འཚོའི་ལས་གཞིའི་གོ་སྐབས་ལ་བརྟེན་ནས་ཕྱོགས་གང་ཅིའི་ཐད་ལ་གཡུར་དུ་ཟ་བའི་འབྲས་བུ་སྨིན་
ཡོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ༦༠འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་སང་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པར་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་རྒྱུ་རེད།འབྲེལ་ཡོད་ཀྱི་གནས་ཚུལ་རྣམས་མུ་མཐུད་ནས་ཁམས་པའི་བོད་ཡིག་དྲ་བར་འགོད་རྒྱུ་ཡིན།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ལོ་དྲུག་ཅུའི་རིང་གི་འཕོ་འགྱུར།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།