སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ་ལ་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-03-13

སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ་ལ་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ།
དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ།

        ཉེ་ལམ། ཀན་སུའུ་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་སྐབས་གསུམ་པའི“ལུག་མཉེ་མེ་ཏོག་བྱ་དགའ་ཞེས་པའི་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་དང་མི་ཚེའི་གྲུབ་འབྲས་བྱ་དགའ”ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ《གངས་ལྗོངས་དམངས་སྲོལ་རིག་གནས་ཀྱི་དག་ཞིང》ཞེས་པར་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ།

སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ་ལ་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ།
དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན།

        སྐབས་འདིའི“ལུག་མཉེ་མེ་ཏོག་བྱ་དགའ་ཞེས་པའི་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་དང་མི་ཚེའི་གྲུབ་འབྲས་བྱ་དགའ”རུ་བསྡོམས་པས་རིག་གཞུང་ཆེད་དཔེ41དང་རིག་གཞུང་དཔྱད་རྩོམ55རིག་གཞུང་གཞུང་ལུགས་བྱ་དགར་རྟིང་རྩོད་བྱས་ཤིང་། མི23མི་ཚེའི་གྲུབ་འབྲས་བྱ་དགའ་རུ་དཔྱད་འགྲན་བྱས། མཐར་ཆེད་དཔེ24དང་དཔྱད་རྩོམ30ལ་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁ་གསབ་ལམ་ལུགས་ལག་བསྟར་བྱས་པ་ལས་བོད་ཁུལ་གྱི་སློབ་མ་ཁྲི24ཡི་སློབ་ཡོན་སྲིད་གཞ
  • ལེ་ཚན་རྗེས་མ།:《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།