ཡུས་ཀྲེང་ཧྲེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།

        2013-03-13

ཡུས་ཀྲེང་ཧྲེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།
 

སྤྱི་ཟླ3པའི་ཚེས11ཉིན།ཡུས་ཀྲེང་ཧྲེང་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཞིང་། འདི་ནི་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅ་ཆིང་ལིན་དང་ཡུས་ཀྲེང་ཧྲེང་ཕག་བཏང་ནས་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་གྱུར་བྱེད་པའི“ཀྲུང་གོའི་བསམ་འདུན”གྱི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་དེ་མི་དམངས་སྲིད་གྲོས་ཀྱིས་གསར་རྙིང་བརྗེ་རེས་བདེ་བླག་ངང་བྱས་ཤིང་། སྤྱི་ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོ་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེང་ཧྲེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། དེ་དང་ཆབས་ཅིག་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ23བདམས་ཐོན་བྱུང་ཡོད་པ་རེད།

འདེམས་བསྐོའི་གྲུབ་འབྲས་སྒྲོག་སྦྱངས་མ་བྱས་གོང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་ཚོགས་ཆེན་གྱི་ཚོགས་རར་ཕེབས་ནས་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐོན་ཉེར་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་།ཚོགས་འདུ་གཙོ་སྐྱོང་པས་ཡུས་ཀྲེང་ཧྲེང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས་ཅ་ཆིང་ལིན་གྱིས་ཡུས་ཀྲེང་ཧྲེང་དང་སྤྲོ་བ་ཟབ་མོའི་སྒོ་ནས་ཕག་བཏང་གནང་བར་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

ཚོགས་འདུའི་ཐོག་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གྲས་སུ་ཏུའུ་ཆིང་ལིན་དང་།ལིང་ཅི་ཧྭ།ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཧྥུང་། སུའུ་རུང་།ཁྲེན་ཡོན། ལུའུ་ཀྲེན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེང་ཝུའེ། མཱ་པེའོ། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མཱ་ཕེ་ཧྭ། ལིའུ་ཞའོ་ཧྥུང་། ཝང་ཆིན་མིན་བཅས་ཡོད་པ་རེད།

ཚོགས་འདུའི་ཐོག་ཀྲང་ཆིང་ལི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་བ་དང་འབྲེལ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན299བདམས་ཐོན་བྱུང་བ་རེད།

ཚོགས་འདུ་དེ་ཕྱི་དྲོའི་ཆུ་ཚོད3པར་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་།ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་གྲས་སུ་ཏུའུ་ཆིང་ལིན་དང་།དབན་ཀང་།ལིན་ཝུན་དབྱི་བཅས་ཡོད།ཚོགས་འདུ་་ཏུའུ་ཆིང་ལིན་གྱིས་གཙོ་སྐྱོང་གནང་བ་རེད།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྱོན2237ཡོད་པ་དང་ཚོགས་འདུར་དངོས་སུ་ཞུགས་མཁན་ཨུ་ཡོན2194ཡོད་པས་འདེམས་བསྐོའི་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

འདེམས་བསྐོ་མ་བྱས་གོང་ཚོགས་འདུ་གཙོ་སྐྱོང་བས་དང་ཐོག་ལས་དོན་མི་སྣར་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ་སྒྲོག་སྦྱངས་བྱེད་རོགས་གསུངས་པ་རེད།སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་རང་གནས་སུ་ཕེབས་པ་དང་འདེམས་ཤོག་ལྟ་ཞིབ་པས་ཚོགས་རར་ཡོད་པའི་འདེམས་ཤོག་སྒམ23གྱི་གནས་ཚུལ་ཞིབ་བཤེར་གནང་ཞིང་།སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་གཉིས་ཀྱིས་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་་སྒམ་ལ་ཞིབ་བཤེར་བྱས་ཚུལ་སྐོར་ལྟ་གནང་རྗེས་ཚོགས་འདུའི་ཐོག་ཞིབ་བཤེར་བྱས་ཚུལ་སྙན་སེང་ཞུས་པ་རེད།

དེ་རྗེས་ལས་དོན་མི་སྣས་འདེམས་ཤོག་སྤྲོད་འགོ་ཚུགས་པ་རེད།འདེམས་ཤོག་སྣ་ཁ་གཉིས་ཡོད་པ་སྟེ།གསེར་དམར་མདོག་གི་འདེམས་ཤོག་ནི་ཀྲུའུ་ཞི་དང་།ཀྲུའུ་ཞི་གཞོན་པ།དྲུང་ཆེ་བཅས་འདེམས་རྒྱུའི་འདེམས་ཤོག་ཡིན་པ་དང་ཟིང་དཀར་མདོག་གི་འདེམས་ཤོག་ནི་རྒྱུན་ལས་ཨུ་ཡོན་འདེམས་རྒྱུའི་འདེམས་ཤོག་ཡིན་པ་རེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་གཞིར་བཟུང་ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་རིང་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་རྣམ་པ་སྤྱོད་རྒྱུ་དང་།ཀྲུའུ་ཞི་དང་།ཀྲུའུ་ཞི་གཞོན་པ།དྲུང་ཆེ།རྒྱུན་ལས་ཨུ་ཡོན་བཅས་འཁྲོལ་མེད་འདེམས་བསྐོ་བྱ་ཐབས་སྤྱད་ནས་ཐོན་རྒྱུ།གདམ་བྱའི་འོས་མིར་མོས་མཐུན་ཡོད་པའི་འདེམས་ཤོག་ཐོབ་ཚད་ཨུ་ཡོན་ཡོངས་རྫོགས་ཀྱི་ཕྱེད་ཀ་ལས་བརྒལ་ན་བདམས་ཐོན་བྱུང་བ་རེད།ལས་དོན་མི་སྣས་འདེམས་ཤོག་ཐོག་གི་སྟོང་ཆ་ཁ་སྐོང་བྱ་རྒྱུའི་བླང་བྱ་སྒྲོག་སྦྱངས་བྱས་རྗེས་ཨུ་ཡོན་ཚོས་འདེམས་ཤོག་ཐོག་གི་སྟོང་ཆ་སྐོང་འགོ་ཚུགས།ཆུ་ཚོད15དང་སྐར་མ40ལ་འདེམས་ཤོག་འཕེན་འགོ་ཚུགས་ཤིང་།སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་རང་གནས་སུ་ཕེབས་པ་དང་འབྲེལ་སྔོན་ལ་འདེམས་ཤོག་འཕངས་པ་དང་དེ་རྗེས་ཨུ་ཡོན་ཚོ་བཞུགས་སའི་གོ་རིམ་གཞིར་བཟུང་དམིགས་འཛུགས་བྱས་པའི་འདེམས་ཤོག་སྒམ་མདུན་དུ་ཕེབས་ནས་འདེམས་ཤོག་འཕངས་པ་རེད།འདེམས་ཤོག་འཕེན་པར་ཁྱོན་དུས་ཚོད་སྐར་མ20ཙམ་འགོར་བ་རེད།

ལས་དོན་མི་སྣས་རྩིས་བརྒྱབ་ནས་འདེམས་ཤོག་བསྡུས་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པས་ཚོགས་འདུ་གཙོ་སྐྱོང་བར་འདེམས་ཤོག་འཕངས་ཚུལ་སྐོར་གྱི་སྙན་ཐོ་ཕུལ་བ་དང་ཚོགས་འདུ་གཙོ་སྐྱོང་བས་འདེམས་བསྐོ་གོ་ཆོད་པའི་ཁྱབ་བསྒྲགས་གནང་བ་རེད།

འདེམས་ཤོག་རྩིས་རྒྱག་མཇུག་འགྲིལ་རྗེས་ལས་དོན་མི་སྣས་འདེམས་བསྐོའི་འདེམས་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་སྒྲོག་སྦྱངས་བྱས་པ་རེད།འདེམས་བསྐོའི་གྲུབ་འབྲས་ཐོག་ནས་ཀྲུའུ་ཞི་དང་།ཀྲུའུ་ཞི་གཞོན་པ།དྲུང་ཆེ།རྒྱུན་ལས་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མི323ལ་ཆ་སྙོམས་འདེམས་ཤོག་ཐོབ་ཚད་ཨུ་ཡོན་ཡོངས་རྫོགས་ཀྱི་ཕྱེད་ཀ་ལས་བརྒལ་ནས་ཚང་མ་བདམས་ཐོན་བྱུང་བ་མངོན་གྱི་ཡོད་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ཆ་སྙོམས་ལོ་ཚད་ནི་ལོ63.7ཡིན་པ་དང་ཀྲུའུ་ཞི་གཞོན་པའི་ཁྲོད་དུ་གུང་ཁྲན་ཏང་ཡོན11དང་། ཀྲུང་གུང་ནས་མིན་པའི་མི་སྣ12། གྲངས་ཉུང་མི་རིགས་ཀྱི་མི་སྣ4། བུད་མེད2བཅས་ཡོད་པ་རེད། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་གྱི་ཆ་སྙོམས་ལོ་ཚད་ནི་ལོ59.4ཡིན་པ་དང་དེའི་ཁྲོད་དུ་ཀྲུང་གུང་ནས་མིན་པའི་མི་སྣ195ཡོད་པ་དེས65.2%བཟུང་བ་དང་།གྲངས་ཉུང་མི་རིགས་ཀྱི་མི་སྣ38ཡོད་པ། བུད་མེད36ཡོད་པ་རེད། ཚོགས་ར་ཡོངས་ཀྱི་ཨུ་ཡོན་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས་ནས་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐོན་པར་རྟེན་འབྲེལ་ཞུས་པ་རེད།  །


 

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།