ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀུན་སྤྱོད་སློབ་གསོའི་བྱ་འགུལ་སྤེལ།

སྟག་རིག་འབྲུག་ཐར།    མཚོ་སྔོན་པོ་དྲ་བ།    2013-03-11

ཉེ་སྔོན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གོང་རིམ་སློབ་གསོའི་དགོངས་དོན་ དང་ཁུལ་སློབ་གསོའི་ཡང་སྙིང་འཕེལ་རྒྱས་ཀྱི་ཇུས་ཆེན་གཞིར་བཟུང་ཞིང་། སློབ་གྲྭའི་སློབ་སྐབས་གསར་བའི་བྱ་བའི་འཆར་གཞི་ལྟར། ཟླ་གསུམ་པའི་ཚེས་མགོ་ལ་ཀུན་སྤྱོད་སློབ་གསོ་དང་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་འགོ་བརྩམས།
        ཐེངས་འདིའི་བྱ་འགུལ་ལ་སློབ་གྲྭའི་ཀུན་སྤྱོད་དོ་དམ་ཁང་གིས་བཀོད་སྒྲིག་དང་ལྟ་སྐུལ་གནང་བ་དང་། ཚེས་གསུམ་ནས་བཟུང་འཛིན་གྲྭ་སོ་སོའི་སློབ་ཁང་དང་ཁོར་ཡུག་ཀུན་ཏུ་ཆེད་དོན་འགྲེམ་བྱང་ཇུས་འགོད་དང་སྦྱར་འགྲེམ་སྤེལ་པ་དང་། ཉིན་རེའི་ཉིན་གུང་གི་སློབ་ཕྱིའི་བྱ་འགུལ་སྐབས་སུ་སློབ་གྲྭའི་རྒྱང་སྒྲོག་མི་སྣས་ཆེད་དོན་གཏམ་བཤད་ཁྱབ་སྒྲོག་དང་། སློབ་མགོ་གསར་བ་ཚུགས་པའི་སྐུལ་སློང་ཆེད་སྒྲིག་ལེ་ཚན་ཏེ། རྒྱའི་གསུང་རབ་གྲགས་ཅན་ཡིག་འབྲུ་རྐང་གསུམ་མ་དང་བོད་ཀྱི་མཁས་པའི་ཞལ་གདམས་སོགས་བསམ་བློ་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་གཏམ་བཤད་དགེ་སློབ་སྟོང3གྱི་སྙན་ལམ་ལ་སྒྲོན།  ཕྱི་ཉིན་ཚེས་ལྔའི་ཕྱི་དྲོར་དགེ་སློབ་ཡོངས་སློབ་གྲྭའི་ནང་ཁུལ་གྱི་སློབ་ཁང་དང་ཉལ་ཁང་། ཁོར་ཡུག་སོགས་ཀྱི་འཕྲོད་བསྟེན་གཙང་སྦྲའི་བྱ་འགུལ་ལ་ཞུགས་པ་མ་ཟད། བློ་མཐུན་ལེ་ཧྥུན་ལ་སློབ་སྦྱོང་བྱེད་ཅེས་པའི་ཁ་གཡང་དྲོན་མོ་སྒྲོག་ནས་སློབ་གྲྭའི་ཕྱིའི་ཁོར་ཡུག་དང་ལྷག་པར་གཞུང་ལམ་འགྲམ་གཉིས་ཀྱི་གད་སྙིགས་དང་མི་གཙང་ར་རིའི་ཆ་རྣམས་གཙང་སེལ་དང་འབའ་འབུར་རྡེའུ་སོགས་སྙོམ་པོ་དང་འདོར་ལེན་བྱས་ནས་སློབ་རའི་ཁོར་ཡུག་ཀུན་ལ་མིག་དཔེ་ལེགས་པོ་ཞིག་དང་ཀུན་སྤྱོད་གཙང་སྤེལ་གྱི་ཟླ་གསུམ་པའི་སློབ་གསོའི་མགོ་ཡང་ཡུན་གྱིས་བསླངས་པ་རེད།
  • ལེ་ཚན་སྔོན་མ།:《མཁའ་འབུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:གསར་སྐྱེས་གླུ་བ་གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མ༼རེ་སྒུག༽མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།