ཕོ་བ་ན་བའི་གསོ་ཐབས་སྟབས་བདེ་ཞིག

        2010-04-28

གལ་ཏེ་ཁྱེད་ཀྱི་ཕོ་བའི་མེ་དྲོད་ཉམས་ནས་ན་གཟེར་སྐྱེས་ན།ཁྱེད་ཀྱིས་གོ་སྙོད་དང་ལྒ་སྐྱ་སྐམ་པོ།རུ་ཏ་བཅས་སོ་སོར་བྱས་ནས་ཁེ5དང་ཤིང་མངར་ཁེ6བཅས་གདུས་ནས་འཐུངས་ན་ཕོ་བའི་ན་གཟེར་འཇོག་ཐུབ།གཞན་ཡང་།ཕོ་བར་ཚ་རྒྱས་ནས་གཟེར་བ་ཡིན་ན།ཕག་གི་ཕོ་བ་ཁེ500དང་ཁུར་མོང་ཁེ50མཉམ་དུ་བཙོས་ནས་ཚོས་རྗེས།ཕག་གི་ཕོ་བ་ཟ་བ་དང་ཁུ་བ་འཐུང་བ་དང་།གཟའ་འཁོར་རེར་ཐེངས་གཅིག་རེ་འཐུང་ན་ཕོ་བའི་ན་གཟེར་ཡུན་གྱིས་འཇོག་སྲིད།དེ་མིན་ད་རུང་ཕོ་བ་བསྐྱུར་བས་ན་བ་ལ།སྒོང་ཤུན་བཏུལ་མ་ཐེངས་རེར་ཁེ3བླངས་ན།ཆུ་ཁོལ་གྱིས་དེད་ནས་ཉིན་རེར་ཐེངས་གཉིས་ནས་གསུམ་འཐུང་ན་ཕན་འབྲས་ཧ་ཅང་བཟང་།གཞན་ད་དུང་ཇ་ལོ་ཁེ3ནས5བར་ཀ་ར་དཀར་པོ་ཁེ20ནས30བྱས་ཏེ་ཆུ་ཁོལ་གྱིས་སྦང་ནས་འཐུངས་ན་ཕོ་སྐྱུར་མི་འདང་བ་ལས་བསླངས་པའི་ན་བ་འཇོག་ཐུབ།དེ་ལས་གཞན་གཡེར་མ་ཁེ3དང་སྒ་སྐྱ་སྐམ་པོ་ཁེ6།གླ་སྒང་ཁེ12བཅས་མཉམ་དུ་གདུས་ནས་འཐུང་ན་ཕོ་བ་གང་ཡིན་ཚང་མ་གསོ་བའི་ཆེས་འབུར་དུ་ཐོན་པའི་ནུས་པ་ཆེན་པོ་ལྡན།
  • ལེ་ཚན་སྔོན་མ།:ཁ་སྤུ་བཞར་བ་ལས་འབལ་མི་རུང་།
  • ལེ་ཚན་རྗེས་མ།:དབྱར་ཁ་རྐང་དྲིའི་ནད་ལ་གཟབ་དགོས།
  • དོ་སྣང་ཆེ་བའི་རྩོམ།