དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།

གསེར་བྲག་དོན་གྲུབ་ཚེ་བརྟན།        2013-03-05

དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།

གནའ་བོའི་ལྡེབས་རིས།དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།

མ་ཎི་བཀའ་འབུལ་ལག་བྲིས་མ།

མདོ་སྨད་དན་ཏིག་དགོན་ནི་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་ས་ཡིན།དགོན་པ་དེའི་ཨ་མྱེས་ཀླུ་རྒྱལ་གྱི་ལྷ་ཁང་ཟེར་བ་བྲག་རི་ལ་བརྟེན་ནས་བཞེངས་ཡོད་ཅིང་།ལྷ་ཁང་དེའི་རྒྱལ་རིའི་བྲག་ལྡེབས་སུ་རྒྱ་ཡིག་གིས་གསལ་བཤད་ལྟ་བུ་བྲིས་པའི་ཚོན་ཁྲའི་རི་མོ་མང་པོ་དང་བོད་ཡིག་གི་གཟུགས་སྔགས་དང་མཚན་བྱང་།རྡོ་བཙགས་ཀྱིས་བྲིས་པའི་དུས་གསུམ་སངས་རྒྱས་སོགས་གནའ་རབས་ཀྱི་ལྡེབས་རིས་མང་པོ་ཡོད།དེ་ཡང་དན་ཏིག་དཀར་ཆག་ཏུ་སྐུ་བརྙན་ཚོན་རྩིས་ཅན་སྔོན་གྱི་བཟོ་དབྱིབས་མང་དུ་ཡོད་པ་དེ་དག་ཕལ་ཆེར་བླ་ཆེན་གྱི་ཕྱག་བཟོ་ཡིན་ཞེས་བཀོད་ཡོད།དེར་ད་རུང་ལྡེབས་རིས་རྙིང་ཤོས་ཆེ་བ་དང་བརྐོས་བཟོའི་མཆོད་རྟེན།འབུམ་པ།དཔེ་ཆ་ཧྲལ་ཧྲུལ།ས་ཚ་སོགས་མང་པོ་ཡོད་པ་ལ་ལ་ནི་ཕུང་བོར་སྤུངས།ལ་ལ་ནི་ཉེ་འདབས་སུ་བཀྲམས་འདུག དེར་མ་ཟད་དེ་རུ་གནའ་དུས་ཀྱི་གྱོ་མོའི་ཆག་རལ་མང་པོ་དང་ཁང་ཤུལ།རྡོ་བརྩིགས།མཆོད་རྟེན་སོགས་ཀྱང་མང་པོ་འདུག བོད་ཀྱི་རྒྱལ་རབས་ལོ་རྒྱུས་འགའ་ཞིག་ཏུའང་བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་རི་བོ་དན་ཏིག་ཏུ་ལྷ་ཁང་དང་མཆོད་རྟེན་དཔག་ཏུ་མེད་པ་བཞེངས།ཚོན་རྩི་ཡང་གནས་དེར་བྱུང་།བཟོ་ཡང་རང་ཉིད་ཀྱིས་མཛད་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་སོན་པར་མཛད་ཅེས་འབྱུང་བ་རྗེས་ཤུལ་འདི་དག་ལ་ངོས་འཛིན་པ་རེད་སྙམ་མོ།།
 





 

  • ལེ་ཚན་སྔོན་མ།:མི་ཉག་མཁར་རྙིང་ཉུལ་བའི་རྟོག་འཆར།
  • ལེ་ཚན་རྗེས་མ།:ཁམས་ཉག་ཆུ་རྫོང་གུར་གུམ་སྟེང་ནས་བོད་བཙན་པོའི་སྐབས་ཀྱི་བོན་ནག་རྒྱལ་རབས་ཀྱི་གནའ་རྫས་རྙེད།
  • དོ་སྣང་ཆེ་བའི་རྩོམ།