གཙང་ཁུལ་གྱི་བོད་ཡིག་གི་དྲ་བ་ཐོག་མ་ཤར་གཏོང་བྱས་པ།

གངས་ཕྲུག་རྩམ་གཟན།    མཚོ་སྔོན་པོ་དྲ་བ།    2013-03-05

    གཙང་ཁུལ་གྱི་བོད་ཡིག་གི་དྲ་བ་ཐོག་མ་ཤར་གཏོང་བྱས་པ།

སེན་མགོ་མེ་འབར་དྲ་བའི་གཙོ་ངོས།

  དྲ་གྲོགས་ལགས་སྐུ་གཟུགས་བཟང་། གངས་ལྗོངས་ཤེས་རིག་གླིང་ཞེས་མཚན་སྙན་སྲིད་ཞིའི་ཁྱོན་ལ་ཁྱབ་པའི་ཞིང་ཁམས་དམ་པ་འདི་ཉིད་དུ། སྔོན་བྱོན་མེས་པོ་ཆོས་རྒྱལ་རིམ་བྱོན་དང་། ལོ་པཎ་མཁས་གྲུབ་རྣམས་ཀྱི་གཞལ་མེད་སྐུ་དྲིན་ལས། མི་རིགས་གཞན་གྱི་རིག་གནས་ཀྱི་བཅུད་འདུས་ཤིང་། རང་ཡུལ་སྣོད་བཅུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལས་བྱུང་བའི་བཅུ་ཕྲག་རིག་པའི་གནས་ཀྱིས་བསྡུས་པའི་ངོ་མཚར་རིག་པ་མང་ཞིག་དར་བ། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་མཁས་མཆོག་ས་ཡི་དྲེགས་པའི་གྲངས་ལ་འཕྱ་བ་བྱོན་པ་དག་གི་རྨད་བྱུང་འཕྲིན་ལས་ཀྱི་གཟི་བྱིན་བླ་ན་འབར་ཞིང་། འཆད་རྩོད་རྩོམ་གསུམ་གྱི་འོད་རྣོན་ཕྱོགས་བརྒྱར་སྤྲོ་བའི་ལེགས་བཤད་གསུང་རབ་པོ་ཏི་ཡང་མཐའ་ཡས་པ་བཞུགས་ཡོད་ལ། ཁྱད་པར་ཉེར་གཅིག་རྫོགས་ལྡན་ཤེས་བྱའི་དུས་འདིར་གློག་ཀླད་དང་དྲ་བ་ལས་ཀྱང་བཅུ་ཕྲག་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་བའི་ཚ་རླབས་ཤིག་མདོ་སྨད་ཙོང་ལ་རིང་མོའི་རྒྱ་རྒྱུད་ནས་ཕྱོགས་བཞིར་མཆེད་བཞིན་ཡོད་ནའང་མིག་སྔའི་བར་གཙང་ཁུལ་དུ་དེ་ལྟའི་ཚ་རླབས་ཀྱི་ཤུགས་རྐྱེན་ལས་བསྐྱེད་པའི་དུས་བསྟུན་ཡར་འཕེལ་གྱིས་བཅུ་ཕྲག་རིག་གནས་དར་སྤེལ་དང་རྒྱུན་འཛིན་ལ་སྨན་པའི་བྱ་བ་ཞིག་གི་འགོ་བརྩམ་རྒྱུར་ལུས་འདུག་པའི་སྐབས་སུ། བོད་ཀྱི་རིག་གནས་ལ་དུང་ཞེན་ཆེ་ཞིང་། ཁྱད་པར་གཙང་ཁུལ་གྱི་ཁྱད་འཕགས་རིག་གནས་ལ་དག་སྣང་མི་ཆུང་བའི་དྲ་གྲོགས་སྐྱབས་ཆེན་ཚེ་རིང་ལགས་ཀྱིས་གཙང་ཁུལ་གྱི་ཆེས་ཐོག་མའི་བོད་ཡིག་དྲ་བ་སེན་མགོ་མེ་འབར་ཞེས་པ་འདི་ཡང་གཙང་ཁུལ་རིག་གནས་བརྒྱུད་སྒྲོག་དང་། རྒྱུད་འཛིན། དར་སྤེལ་ལ་དམིགས་ ནས་གསར་ འཛུགས་གནང་བ་ཡིན།།
  དྲ་གནས།   http://sgmebar.com/

  • ལེ་ཚན་སྔོན་མ།:དགེ་འདུན་ཆོས་འཕེལ་གྱི་ཤུལ་དངོས་བསྡུས་དེབ་སྒོར་ཐོན་འདུག
  • ལེ་ཚན་རྗེས་མ།:བརྩེ་སེམས་ཀྱིས་བདག་མེད་ལོ་ལོན་གྱི་སེམས་ལ་དྲོད་ཁོལ་བསྩལ་པ།
  • དོ་སྣང་ཆེ་བའི་རྩོམ།