ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་སྡེ་ཁུལ་གྱིས་རོང་བྲག་རྫོང་ཆུ་འདུ་ཁའི་ཟམ་ཆེ་བསྐྲུན་རོགས་བྱས།

﹙ཀུན་དགས་བསྒྱུར།﹚        2013-01-31

ཟླ་བ་དང་པོའི་ཚེས21ཉིན། ངར་ལྕགས་ལེབ་མོ་ཟམ་ངོས་སུ་འདིང་བ་དང་སྒྲིག་སྦྱོར་ལས་ཀ་ལེགས་གྲུབ་བྱུང་བ་དང་ཆབས་ཅིག  ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་སྡེ་ཁུལ་གྱིས་རོང་བྲག་རྫོང་ཆུ་འདུ་ཁའི་ཟམ་ཆེ་བསྐྲུན་རོགས་བྱེད་པའི་ཨར་ལས་རྣམ་གྲངས་དེ་དངོས་སུ་གྲུབ་པ་རེད། ཡང་བསྐྱར་འཛུགས་པའི་ཟམ་ཆེ་འདི་ནི་ལྕགས་སྒྲོམ་དང་ངར་ལྕགས་སོགས་རྒྱུ་ཆས་ལས་བསྐྲུན་པ་ཞིག་ཡིན་ལ་ཟམ་གདན5དང་ཟམ་པའི་ཞེང་ཚད་སྨི4.2  བར་རྒལ་རིང་ཚད་སྨི132བཅས་བྱས་ནས་ཇུས་འགོད་བྱས་པ་ཞིག་རེད།
སྔར་རྫོང་དེའི་ཆུ་འདུ་ཁར་ཡོད་པའི་ཟམ་པ་རྙིང་པ་དེ་ནི་ཆུ་ངོགས་གཡས་གཡོན་གཉིས་སུ་གནས་པའི་མི་རྣམས་ཕྱིར་འགྲོ་སླ་བའི་སྲོག་ཤིང་ལྟ་བུ་ཞིག་ཡིན་ཀྱང2.12ཝུན་ཁྲོན་ས་འགུལ་ཆེན་མོ་དང་ཡུན་རིང་གི་ས་གཤིས་གནོད་སྐྱོན་གྱིས་བར་ཆད་ལས་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཏུ་གྱུར།   2011ལོར་ཟམ་རྙིང་དེ་མེ་རྫས་ཀྱིས་གཏོར་རྗེས་ཆུ་འདུ་ཁའི་ཆུ་འགྲམ་ངོགས་གཉིས་སུ་ཡོད་པའི་མི་ཁྲི་ལྷག་ཕྱིར་འགྲོ་མི་བདེ་བ་དང་འཚོ་བའི་ཐད་ཧ་ཅང་སྟབས་མི་བདེ་བའི་གནས་སུ་ལྷུང་།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བོད་ཁུལ་ལ་ཁ་གཏད་རོགས་རམ་བྱེད་པའི་ལས་ཀའི་སྒྲིག་གཞི་ལག་བསྟར་བྱས་པ་ནས་བཟུང་།  རོང་བྲག་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་སྡེ་ཁུལ་གྱིས་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི500བཏང་ནས་སྔོན་ཆུ་འདུ་ཁའི་ཟམ་ཆེ་རྙིང་པ་ཡོད་སར་ལྕགས་སྒྲོམ་གྱི་ཟམ་པ་ཞིག་བསྐྱར་བསྐྲུན་བྱས་པ་རེད། ལྕགས་སྒྲོམ་ཟམ་པའི་འཛུགས་སྐྲུན་རྣམ་གྲངས་ནི2012ལོའི་ཟླ་པ5ནས་ལས་འགོ་ཚུགས་པ་དང་ཨར་ལས་རྣམ་གྲངས་དེ་དུས་ཡུན་ཟླ9ཙམ་གྱི་རིང་ལ་ལས་ཡོད་ཀྱང་ཟླ་བ6པ་ནས་9པའི་བར་རྒྱལ་མོ་རྔུལ་ཆུ་ཇེ་ཆེར་སོང་བས་ལས་མཚམས་མི་གཞག་ཀ་མེད་བྱུང་བ་རེད། ལྕགས་སྒྲོམ་ཟམ་ཆེན་གྱི་འཛུགས་སྐྲུན་བྱེད་རིང་ཁྲེང་ཧྭ་སྡེ་ཁུལ་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་སྒྲུབ་ཚོ་ཆུང་གིས་ཨར་ལས་ཀྱི་སྤུས་ཀར་འགན་སྲུང་དང་འཛུགས་སྐྲུན་བདེ་འཇགས་ཡོང་བ་བཅས་ལ་དམིགས་ནས་རོང་བྲག་མི་དམངས་ལ་བློ་སེམས་འགུལ་བའི་ཟམ་པ་ཞིག་བརྒྱབ་པ་རེད། ཁྲེང་ཧྭ་སྡེ་ཁུལ་གྱིས2012ལོར་ཉེ་དགའ་དང་སྤྲོ་སྣང་ཤང་གཉིས་ཀྱི་ཞིང་སྡེ6ལ་གཞུང་ལམ་སྲ་འགྱུར་དང་སློབ་གསོ་རོགས་སྐྱོར་གྱི་རྣམ་གྲངས7ལ་སོགས་པ་ཚང་མ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་རེད།
  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་མཐུན་རྐྱེན་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་གསོ་སྤེལ་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་གྲོང་གསེབ་ཏུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།