ཕྱག་ཕྲེང་རྫོང་གིས་མཐུན་རྐྱེན་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་གསོ་སྤེལ་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-01-31

2012ལོར་ཕྱག་ཕྲེང་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་མཐུན་རྐྱེན་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱས་ནས་མཐོ་སྒང་གི་རྫོང་ཆུང་ཆུང་དེར་གསོན་ཉམས་རབ་ཏུ་ལྡན་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་དེ་རྫོང་དེའི་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར།
  ཞིང་ལས་ཐོན་ལས་རྒྱུན་ཆད་མེད་པར་ཇེ་མགྱོ གས་སུ་ཕྱིན་པ། སྲོལ་རྒྱུན་གྱི་ཞིང་ལས་མུ་མཐུད་དེ་སྲ་བརྟན་འགྱུར་བཞིན་ཡོད། སྔོན་དཔག་བྱས་ན་ལོ་འཁོར་ཡོངས་སུ་ཞིང་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར1.61མངོན་འགྱུར་བྱེད་ཐུབ་པས་བརྒྱ་ཆ་10.7འཕར་ཐུབ་པ་དང་། ཞིང་ལས་ལོ་ཏོག་འདེབས་རྒྱ་མུའུ48510མངོན་འགྱུར་བྱེད་ཐུབ་པ་དང་སོན་བཟང་བརྒྱ་ཆ87.6ལ་ཁེབས་ཐུབ། འབྲུ་རིགས་ཐོན་ཚད་ཏུན10004ལ་སླེབས་ཐུབ་པ་དང་བསྟུན་མ་ལོ་དགུ་ལ་ཐོན་འཕར་ཡོང་ཐུབ། ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་བྱས་ཏེ་ནོར་ཕྱུགས་མགོ་གྲངས་ཁྲི11ལ་སླེབས་པ་དང་། སྤྱིའི་འཕར་སྣོན་བྱུང་ཚད་དང་། བཤས་ཁོངས་སུ་གཏོང་ཚད། ཚོང་ཟོག་ཏུ་འགྱུར་ཚད་བཅས་བརྒྱ་ཆ23དང་། བརྒྱ་ཆ29 ། བརྒྱ་ཆ22ལ་སླེབས་ནས་གཟན་རྩྭ་དང་ནོར་ཕྱུགས་སྙོམས་སྒྲིག་བྱེད་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ། ས་ཞིང་ལེགས་བཅོས་འཆར་འགོད་བྱ་རྒྱུ་དང་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཟོ་བཅོས་བྱ་རྒྱུ་ལེགས་འགྲུབ་ཡོང་བ་དང་། ཞིང་ཆེན་རིམ་པའི་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས་ཞིང་ལས་ཐོན་ལས་ཀྱི་འཆར་འགོད་དང་བཀོད་སྒྲིག་གི་ལས་ཀ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཡོད།  སྟར་ཀ་དང་། འབྲི་རྟ་ས་འཛིན། ཡུངས་དཀར་བཅས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མུའུ་ཁྲི་ལྡན་པའི་རྒུན་འབྲུམ་འཛུགས་སའི་རྟེན་གཞི་འཆར་འགོད་དང་བཟོ་འགོད་བྱ་རྒྱུ་སོགས་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་སྤེལ་འགོ་ཚུགས་པ། དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་ཀྱི་ཞིང་ལས་ཐོན་རྫས་གཅིག་སྡུད་ལས་སྣོན་བྱེད་སའི་ལྡུམ་ཁུལ་འཛུགས་སྐྲུན་ཇེ་མགྱོ གས་བྱ་རྒྱུ་དང་། ཁེ་ལས་ཞབས་ཞུའི་ལྟེ་བའི་ཁང་བརྩེགས་ཆེན་མོ་དང་ལྡུམ་ཁུལ་གྱི་གཞུང་ལམ་སོགས་ལ་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་ཞིང་ལས་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བའི་གནས་ཚུལ་བཟང་བ་རེད།
   བཟོ་ལས་འཕེལ་རྒྱས་དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད། མ་དངུལ་བསྡུ་གསོག་གི་དཀའ་ངལ་དང་། མ་རྐང་གི་ཁེ་དབང་བཤུག་སྤྲོད། དོ་དམ་རྙོག་འཛིང་། ངལ་རྩལ་པ་དང་མ་རྩ་ཅན་བར་གྱི་རྩོད་གླེང་སོགས་ཀྱི་འགལ་རྐྱེན་ཁྱད་བསད་བྱས་ནས། ཕྱག་ཕྲེང་དང་། གོས་སྲུང་།ཉམ་ནང་བཅས་གློག་འདོན་ས་ཚུགས་ད་ལྟ་ཁྱོན་ཡོངས་ནས་ལས་འགོ་བསྐྱར་ཚུགས་བྱས་ཟིན། ཕྱག་ཕྲེང་གི་སྟོང་ཧྥུ500ལྡན་པའི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭ ། སྟོང་ཧྥུ220དང་སྟོང་ཧྥུ110ལྡན་པའི་གློག་དྲ་འཛུགས་སྐྲུན་གྱི་ལས་ཀར་སྐུལ་འདེད་ཇེ་མགྱོ གས་སུ་བཏང་བ།   སྐོར་བ་གློག་འདོན་ས་ཚུགས་དང་དམར་ཆུའི་འབབ་རྒྱུད་ཀྱི་གློག་འདོན་ས་ཚུགས་འཛུགས་སྐྲུན་བྱ་རྒྱུའི་སྔོན་འགྲོའི་ལས་ཀ་གོ་རིམ་ལྡན་པའི་སྒོས་སྤེལ་བཞིན་པ། རག་ཝ་དང་ཆོས་ལྡན་སོགས་ཀྱི་གློག་འདོན་ས་ཚུགས་ལས་འགོ་འཛུགས་རྒྱུའི་ལས་ཀ་ཕལ་ཆེར་བསྒྲུབས་ཟིན། གཏེར་ལས་གསར་སྦོལ་གྱི་ལས་ཀ་གཏོར་བརྒལ་མངོན་འགྱུར་བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཏེང་ཀའི་གཤའ་མང་ལྕགས་རིགས་གཏེར་ཁ་གསར་སྦོལ་དང་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་ཀྱི་གྲོས་མཐུན་གན་རྒྱ་བཞག་པ། ལོ་འཁོར་ཡོངས་སུ་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་ཁྲི5990མངོན་འགྱུར་བྱུང་བས་བརྒྱ་ཆ21འཕར་ཡོད།
  ལྗོངས་རྒྱུ་གསར་སྦོལ་གྱི་ལས་ཀ་བརྟན་པོའི་སྒོས་སྐུལ་འདེད་བཏང་བ། ལྗོངས་རྒྱུའི་སྤྱིའི་འཆར་འགོད་བཟོ་བཅོས་བྱས་པ་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས། ནུས་ཤུགས་གཅིག་བསྡུས་ཀྱིས་གྲོང་སྟོད་ཀྱི་བོད་ཁང་དཀར་པོའི་གྲོང་སྡེ་འཛུགས་སྐྲུན་བྱ་རྒྱུ་གཙོས་བྱས་པའི་མི་རིགས་ཀྱི་གོམས་སྲོལ་ལྡན་པའི་ལྗོངས་རྒྱུ་བྱེད་ས་བསྐྲུན་ཡོད། གྲོང་སྡེ16གི་དུད་ཚང་420ཡི་སྡོད་ཁང་གི་རྣམ་པ་ལེགས་བཅོས་བྱས་ཟིན། སྔོན་དཔག་བྱས་ན།ལོ་ཧྲིལ་པོར་ལྗོངས་རྒྱུ་བ་མི་གྲངས་དང་ཐེངས་གྲངས་ཁྲི12.17ལ་སླེབས་ནས་ཡོང་འབབ་སྒོར་ཁྲི8300རག་ཐུབ་པ་ཁག་བགོས་ན་བརྒྱ་ཆ26.8དང་བརྒྱ་ཆ33.87འཕར་སྣོན་བྱུང་ཡོད།
  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་འགུལ་འགོག་གནོད་སེལ་བྱས།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་སྡེ་ཁུལ་གྱིས་རོང་བྲག་རྫོང་ཆུ་འདུ་ཁའི་ཟམ་ཆེ་བསྐྲུན་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།