སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

(ཚེ་མཚོ་དང་གངས་སྐྱིད་གཉིས་ཀྱིས་བསྒྱུར།)        2013-01-31

ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་།ལི་ཁྲུང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ནས་གསུང་བཤད་གནང་།ཅང་ཅུས་ཧྥེང་དང་ཝེ་ཧུང་སོགས་གྲོས་ཚོགས་ནང་ཞུགས།ཡོན་ཡུང་ཧོ་དང་ཀྲང་ཡུས་ཏུང་།ཧོང་རུའེ་ཆིའུ།ཀའོ་ཧྥེང་།ཚུའེ་པའོ་ཧྭ།ཆུས་ཀྲན་དབྱི།དབྱང་ཞི་ཕིང་།ཙུང་ཀྲེང་རུང་།ཀྲའོ་ཀྲེན་ཞན་བཅས་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།
སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་ཁག་ལེགས་འགྲུབ་བྱས་ནས་ཟླ་བ་དང་པོའི་ཚེས27ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་ཅིན་ཉིའུ་མགྲོན་ཁང་དུ་མཇུག་བསྒྲིལ་བ་རེད།
མཇུག་བསྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལི་ཁྲུང་ཞི་དང་།ཡོན་ཡུང་ཧོ།ཀྲང་ཡུས་ཏུང་།ཧོང་རུའེ་ཆིའུ།ཀའོ་ཧྥེང་།ཚུའེ་པའོ་ཧྭ།ཆུས་ཀྲན་དབྱི།དབྱང་ཞི་ཕིང་།ཝང་ཀྲེང་རུང་།ཀྲའོ་ཀྲེན་ཞན་བཅས་རེད།མཇུག་བསྒྲིལ་ཚོགས་ཆེན་ནང་ཨུ་ཡོན847འབྱོར་ཡོད་པས།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་ཅུས་ཧྥེང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ལས་ཚབ་ཞིང་དཔོན་ཝེ་ཧུང་སོགས་གདན་ཞུ་ལྟར་མཇུག་སྒྲིལ་ཚོགས་ཆེན་ནང་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།མཇུག་སྒྲིལ་ཚོགས་ཆེན་གྱི་སྔོན་དུ་འཚོགས་པའི་འདེམས་བསྐོ་ཚོགས་ཆེན་ཐོག  ཨུ་ཡོན་རྣམས་ཀྱིས་རང་མིང་མ་བཀོད་པའི་འདེམས་ཤོག་འཕེན་པའི་བྱེད་སྟངས་ལ་བརྟེན་ནས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།དྲུང་ཡིག་ཆེན་མོ་བ།རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་རེད།ལི་ཁྲུང་ཞི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།ཡོན་ཡུང་ཧོ་དང་།ཀྲང་ཡུས་ཏུང་།ཧོང་རུའེ་ཆིའུ།ཀའོ་ཧྥེང་།ཚུའེ་པའོ་ཧྭ།ཆུས་ཀྲན་དབྱི།དབྱང་ཞི་ཕིང་།ཝང་ཀྲེང་རུང་།ཀྲའོ་ཀྲེན་ཞན་བཅས་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ།ཀའོ་ཧྥེང་དྲུང་ཡིག་ཆེན་མོ་བར་བདམས་ཐོན་བྱུང་བ་རེད།ཡུས་ཀུའེ་སོགས་མི165རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།
མཇུག་བསྒྲིལ་ཚོགས་ཆེན་ཐོག 《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང་།》དང་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད།》གྲོས་འཆམས་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ད་ལོའི་དཔྱིད་གསར་དུས་ཆེན་ནང་ཕྱི་ཡུལ་དུ་མི་འགྲོ་ནའང་ཆོག
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་འགུལ་འགོག་གནོད་སེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།