སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།

ཚེ་མཚོས་དང་གངས་སྐྱིད་གཉིས་ཀྱིས་བསྒྱུར།        2013-01-29

ཝང་ཏུང་མིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཅང་ཅུས་ཧྥེང་དང་ཐའོ་ཝུའུ་ཞན།ཧྲུའུ་ཡུས་ཆིང་གྲོས་ཚོགས་ནང་ཞུགས།ཝེ་ཧུང་གིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སེང་ཞུས།
    རང་ཁུལ་གྱི་འཐུས་མི་ཚོགས་པའི་འཐུས་མི33གྲོས་ཚོགས་ནང་ཞུགས།
    ཟླ་བ་དང་པོའི་ཚེས25ཉིན་གྱི་སྔ་དྲོར།སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་དང་ཐེངས་པོ་ཁྲེང་ཏུའུ་རུ་འཚོགས་པ་རེད།
    ཚོགས་ཆེན་ལ་འབྱོར་དགོས་པའི་འཐུས་མི887ཡིན་པ།དངོས་སུ་འབྱོར་མཁན870འཐུས་མི་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།རང་ཁུལ་གྱི་འཐུས་མི་ཚོགས་པའི་འཐུས་མི33གྲོས་ཚོགས་ནང་ཞུགས་ཡོད་པ་རེད།གྲོས་ཚོགས་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་གཙོ་འགན་བཞེས།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་དང་།ཝང་ཧྲའོ་ཞུས།གོ་ཡུང་ཞང་།ཀྲང་ཏུང་ཧྲེང་།ཝང་ཡུས་ཁུན།ཕེང་ཡུས་།ཙེང་ཧྲེང་ཆོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
    ཅང་ཅུས་ཧྥེང་དང་ཐའོ་ཝུའུ་ཞན།ཧྲུའུ་ཡུས་ཆིང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།
    སྔ་དྲོའི་ཆུ་ཚོད10པའི་ཐོག་ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།ཚོགས་ར་ཡོངས་ཀྱི་འཐུས་མི་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས་པ་རེད།
    ལས་ཚབ་ཞིང་དཔོན་ཝེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སེང་ཞུས་པ་རེད།སྙན་སེང་དེ་ཁག་བཞི་ཡོད་པ་སྟེ།འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀར་ཕྱིར་མིག་བལྟས་པ་དང་ཕྱིན་ཆད་ཀྱི་ལོ་ལྔའི་དམིགས་ཡུལ་ལས་འགན་གཙོ་བོ།2013ལོའི་ལས་ཀའི་གཙོ་གནད།སྲིད་གཞུང་རང་ཉིད་འཛུགས་སྐྲུན་བྱ་རྒྱུ་བཅས་རེད།
    སྙན་སེང་ནང་ཝེ་ཧུང་གིས་འདས་ཟིན་པའི་ལོ་ལྔའི་རིང་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་ཕྱིར་མིག་བལྟས་པ།ལོ་ལྔའི་རིང་།རང་རེའི་ཞིང་ཆེན་ལ་“ཟླ་བ་5.པའི་ཚེས་12”ཉིན་ཝུན་ཁྲོན་དུ་ས་འགུལ་ཆེན་པོ་ཡོང་བ་དང་།ཆུ་ལོག་ཆེན་པོ་དང་འདམ་རྡོ་ཆུ་རུད་སོགས་རང་བྱུང་གི་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་ལ།རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་བྱུང་བ་དང་།བོད་ཁུལ་དུ་བརྟན་བརླིང་སྲུང་སྐྱོང་སོགས་ཚབས་ཆེའི་ཉམས་བསད་ཀྱང་ཐེབས་པ་རེད།ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག ཞིང་ཆེན་དམངས་ཆེན་དང་།ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་འོག།ཞིང་ཆེན་སྲིད་གཞུང་གིས་ནན་ཏན་གྱིས་འགན་ནུས་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ཞིང་།ཐུན་མོང་དུ་དཀའ་ངལ་ཁྱད་བསད་བྱས་པ།འགན་ལྗིད་པོ་ཁུར་ནས་མདུན་སྐྱོད་བྱས་པ།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་ལོ་ལྔའི་འབད་འཐབ་དམིགས་ཡུལ་གྲུབ་པ་དང་།འགུལ་འགོག་གནོད་སེལ་དང་གནོད་འཚེ་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཅིང་།གྲུབ་ཚུལ་ལེགས་སྒྲིག་དང་ཐོན་སྐྱེད་འཕེལ་རྒྱས་ཡོང་བར་ཡར་ཐོན་གལ་ཆེན་བྱུང་བ་དང་།རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་གཏོར་བརྒལ་གསར་པ་གལ་ཆེན་བྱུང་བ།བཅོས་བསྒྱུར་སྒོ་ཕྱེ་དང་ཚན་རྩལ་གསར་སྐྲུན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་།སྤྱི་ཚོགས་འཛུགས་སྐྲུན་དང་དོ་དམ་ལ་ཡར་ཐོན་གསར་པ་བྱུང་བ་རེད།
    ཕྱིན་ཆད་ལོ་ལྔའི་དམིགས་ཡུལ་ལས་འགན་གཙོ་བོ་གླེང་དུས།ཝེ་ཧུང་གིས་བསྟན་དོན།ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་ཤིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་ཀྱིས་ཁྲིད་སྟོན་བྱེད་དགོས། བརྗོད་བྱ་གཙོ་བོར་དམ་པོ་དམིགས་ཏེ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་མགྱོ གས་པོ་གཏོང་བའི་ལས་སྒྲུབ་ནང་དོན་ཁོང་དུ་ཆུད་པ་བྱས་ཐོག་དཔལ་འབྱོར་འཕར་སྣོན་ཡོང་བའི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་བ་དེ་ལྟེ་བ་བྱས་ཏེ“ཅན་གཉིས”ཕན་ཚུན་སྐུལ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། གསར་སྐྲུན་གྱིས་འདེད་སྐུལ་གཏོང་བར་ཤུགས་རྒྱག་པ། ཤུགས་ཆེན་པོས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ། སྒོ་ཀུན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་མགྱོ གས་མྱུར་ངང་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱེད་དགོས།
    ཝེ་ཧུང་གིས་ནན་གསུང་གནང་དོན། ནུས་ཤུགས་བཏོན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་འཕེལ་རྒྱས་མགྱོ གས་པོ་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བའི་རྒྱབ་རྟེན་རང་བཞིན་དང་། རྨང་གཞིའི་རང་བཞིན། དུས་ཡུན་གྱི་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྟོབས་ཤུགས་ཡོད་དགུས་ཕྱོགས་མང་པོ་དང་སྣེ་མང་པོའི་རྒྱབ་རྟེན་བྱ་རྒྱུའི་འཕེལ་རྒྱས་གཏོང་སྟངས་འཛུགས་སྐྱོང་བྱེད་དགོས་ཤིང་། མཐུན་རྐྱེན་ལྡན་པའི་ཐོན་ལས་གོང་འཕེལ་དང་རྒྱ་སྐྱེད་དུ་འགྲོ་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས། རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་མགྱོ གས་པོ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་གཏིང་ཟབ་ཏུ་སྤེལ་དགོས།
    2013ལོ་ནི་སྒོ་ཀུན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་ལེན་བསྟར་བའི་སྔ་སོང་ཕྱི་འདྲེན་གྱི་གནད་འགག་གི་ལོ་ཞིག་ཡིན་པ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་སྲ་བརྟན་འདིང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པ། ཝེ་ཧུང་གིས་ཕྱོགས་དགུའི་ཐད་ནས2013ལོའི་ལས་ཀ་བསྒྲུབ་རྒྱུའི་གཙོ་གནད་སྙན་སེང་ཞུས་ཡོད་པ་སྟེ། ཕྱོགས་མང་པོ་དང་སྣེ་མང་པོས་རྒྱབ་རྟེན་བྱེད་པའི་ཐབས་ཇུས་ལག་བསྟར་བྱེད་འགོ་ཚུགས་རྒྱུ། མ་དངུལ་གཏོང་འཇོག་གིས་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕན་ནུས་ལྡན་པའི་འཛད་སྤྱོད་དགོས་མཁོ་རྒྱ་སྐྱེད་དུ་གཏང་རྒྱུ། ཐོན་ལས་ཀྱིས་རྒྱབ་རྟེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་སྒྲིག་གཞི་བཟང་སྒྲུབ་དང་རིམ་སྤར་ཅི་མགྱོ གས་གང་མགྱོ གས་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱས་ཏེ་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་མགྱོ གས་པོ་གཏང་རྒྱུ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་མངོན་གསལ་དོད་པོ་བྱས་ཏེ་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ། དམངས་འཚོའི་ལས་གྲྭ་ཡག་པོ་འཛིན་ནས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུ། རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཤུགས་ཆེན་པོས་རིག་གནས་བྱ་གཞག་དང་རིག་གནས་ཀྱི་ཐོན་རྫས་འཕེལ་རྒྱས་གཏང་རྒྱུ། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ཆད་མེད་པར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏང་རྒྱུ་བཅས་རེད།
    སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་ཅི་འདྲ་བྱ་རྒྱུའི་སྐོར་གླེང་མོལ་བྱེད་དུས་ཝེ་ཧུང་གིས་གསུང་དོན། ཤུགས་ཆེན་པོས་སྲིད་སྐྱོང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཤུགས་ཆེན་པོས་ཕན་ནུས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། ཤུགས་ཆེན་པོས་སྤྱོད་གཙང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། རྒྱུན་ཆད་མེད་པར་དོ་དམ་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཅའ་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་དང་། སྤྱོད་གཙང་ལས་ཆོད་ཆེ་བ། དངོས་དོན་གཉེར་བ་དང་ཁ་དན་ཚིག་གནས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་བློར་བབ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་ཞིག་སྐྲུན་དགོས་པ་བཅས་རེད།
    གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་གྱིས་སི་ཁྲོན་ཞིང་ཆེན2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞིའི་ལག་བསྟར་བྱས་ཚུལ་དང2013ལོའི་འཆར་གཞི་འཆའ་ཟིན་གྱི་སྙན་ཞུ། སི་ཁྲིན་ཞིང་ཆེན2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་བྱས་ཚུལ་དང2013ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་ལས་ཨུ་ལྷན་འཛུགས་རྒྱུའི་གྲོས་གཞིའི་འགྲེམ་བཤད་བཅས་བཀྲམ་སྟེ་འཐུས་མི་རྣམས་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད།
  • ལེ་ཚན་སྔོན་མ།:ཅང་ཅུས་ཧྥེང་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པར་ཞུགས་ནས་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་ཁྲིམས་འཛུགས་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གིས་ཁྲིམས་ལུགས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ
  • དོ་སྣང་ཆེ་བའི་རྩོམ།