བོད་ལྗོངས་མི་རེའི་ཆ་སྙོམས་ཀྱིGDPསྒོར་ཁྲི2ལས་ཐོལ་བརྒལ་བྱུང་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    ཞིན་ཧྭ་དྲ་བ།    2013-01-28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་བོད་རང་སྐྱོང་ལྗོངས་སྐབས་བཅུ་བའི་དམངས་འཐུས་ཚོགས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྟེང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པདྨ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ནང་བསྟན་དོན། འདས་ཟིན་པའི་ལོ་ལྔའི་རིང་། བོད་ལྗོངས་ཀྱིས་ས་གནས་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར700ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་ཀྱིས12%འཕར་ལ། མི་རེའི་ཆ་སྙོམས་ཀྱིGDPསྒོར་ཁྲི2ལས་ཐོལ་བརྒལ་བྱུང་ཡོད།

འདས་ཟིན་པའི་ལོ་ལྔའི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་དང་སྤུས་ཚད་ཕན་འབྲས་ལ་དུས་མཉམ་ངང་མཐོར་འདེགས་བྱུང་ཞིང་། ས་གནས་ཐོན་སྐྱེད་སྤྱི་འབོར་བསྟུད་མར་སྒོར་དུང་ཕྱུར400དང་དུང་ཕྱུར500། དུང་ཕྱུར600། དུང་ཕྱུར700བཅས་ལས་བརྒལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད12%ལ་སླེབས་ལ། མི་རེའི་ཆ་སྙོམས་ཀྱིGDPསྒོར་ཁྲི2ལས་བརྒལ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར250ལས་བརྒལ་བ་དང་། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོར5645ལ་སླེབས་ཤིང་། 2007ལོ་ལས་ལྡབ་གཅིག་འཕར་ཡོད། གྲོང་རྡལ་སྡོད་དམས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར18056ལ་སླེབས་པ་དང་། 2007ལོ་ལས62.2%འཕར་ཡོད། །

  • ལེ་ཚན་སྔོན་མ།:བོད་ཀྱི་དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་དེའི་དཔྱད་གླེང་ཚོགས་འདུ་ཟི་ལིང
  • ལེ་ཚན་རྗེས་མ།:བུད་མེད་ཀྱི་བདེ་ཐང་རྒྱུན་ཤེས་ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།