ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ།

ལྷ་འཛོམས་ཀྱིས་བསྒྱུར།        2012-12-25

 2012ལོར་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དེ་འཕེལ་ཁ་བརྟན་པོ་དང་རིམ་གྲས་མཐོ་ཤོས་ཡོང་ཐབས་བྱེད་པ།མགྱོགས་སུ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ནང་དོན་ལྟེ་བར་དམིགས་ནས་ལས་ཀ་སྒྲུབ་ནུས་ཆེ་རུ་གཏོང་བ།བྱེད་ཐབས་ནུས་ལྡན་བླངས་ནས་གྲུབ་འབྲས་ཅུང་ལེགས་པོ་ཐོབ་ཡོད།
    2012ལོར་རང་ཁུལ་གྱིས་དཔལ་འབྱོར་མར་ཉམས་པའི་ཤུགས་རྐྱེན་ཐེབས་པར་ཁ་གཏད་ཧུར་ཐག་གིས་འཇལ་བའི་ཁྲོད་དུ་འཕར་སྣོན་བརྟན་པོ་ཡོང་བ་དེ་གལ་ཆེའི་གནས་སུ་བཞག་ནས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་པོར་འཕར་སྣོན་ཡོང་བ།སྔོན་རྩིས་བྱས་ན།ལོ་ཧྲིལ་པོར་བཟོ་ལས་ཡོངས་རྫོགས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར46.2གྲུབ་པ།གཞི་ཁྱོན་ཅན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར40གྲུབ་པ།དེའི་ནང་ཆུ་གློག་ལས་རིགས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར27.3གྲུབ་པ།གཏེར་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར9.7གྲུབ་པ་རེད།གཅིག་ནི་དཔལ་འབྱོར་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་།གཉིས་ནི་ཧུར་ཐག་གིས་སྲིད་ཇུས་ཞིབ་འཇུག་ལ་སྐུལ་འདེད་བཏང་། གསུམ་ནི་ཧུར་ཐག་གིས་ཁེ་ལས་ཆུང་འབྲིང་གསོ་སྐྱོང་བྱས།བཞི་ནི་ལག་རྩལ་གསར་སྐྲུན་ལས་ཀར་སྐུལ་འདེད་བཏང་།ལྔ་ནི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་མགྱོ གས་པོ་བྱས།དྲུག་ནི་སྐུལ་མེད་གློག་གི་ལྟ་ཞིབ་ཚད་ལེན་དོ་དམ་ལ་ཤུགས་སྣོན་བརྒྱབ།བདུན་ནི་དཀར་མཛེས་དང་མེན་ཧྲན་གྱི་བཟོ་ལས་ལྡུམ་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།བརྒྱད་ནི་ཐོན་ལས་གཅིག་བསྡུས་ལྡུམ་ཁུལ་གཅིག་དང་ལྡུམ་ཁུལ་གསུམ་གྱི་འཛུགས་སྐྲུན་མགྱོ གས་སུ་བཏང་།དགུ་ནི་གློག་ཤུགས་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ཐུབ་པར་མཐུན་སྦྱོར་བྱས།བཅུ་ནི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་། བཅུ་གཅིག་ནི་འབྲོག་པའི་གཞིས་ཆགས་སའི་འཛུགས་སྐྲུན་རྒྱུ་ཆས་འདོན་སྤྲོད་འགན་སྲུང་བྱས།
  • ལེ་ཚན་སྔོན་མ།: དར་མདོ་རྫོང་གིས་འབྲོག་པའི་གཞིས་ཆགས་སའི་རྗེས་མཇུག་གི་ཨར་ལས་འཛུགས་སྐྲུན་ནན་འཛིན་བྱས།
  • ལེ་ཚན་རྗེས་མ།:ད་ལོར་རང་ཁུལ་གྱི་གློག་གསོག་འཇོག་འཆར་གཞིའི་ཐོག་ཡང་ཏུའུ་དུང་ཕྱུར3གསར་སྣོན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།