དར་མདོ་རྫོང་གིས་འབྲོག་པའི་གཞིས་ཆགས་སའི་རྗེས་མཇུག་གི་ཨར་ལས་འཛུགས་སྐྲུན་ནན་འཛིན་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2012-12-25

དར་མདོ་རྫོང་གིས་འབྲོག་པའི་གཞིས་ཆགས་སའི་རྗེས་མཇུག་ཨར་ལས་འཛུགས་སྐྲུན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལས་ཀ་ཁག་ཡག་མོ་ཏན་ཏིག་བསྒྲུབས་པ།མིག་སྔར་སླེབས་དུས་རྫོང་དེས་ནོར་སྲིད་ནས་སྒོར་ཁྲི8000བརྒྱབ་ནས་གཞིས་ཆགས་ས20བསྐྲུན་པ།གྲོང་སྡེ་ཡོངས་ལ་གཞུང་ལམ་ཡོད་པ་དང་དུད་ཚང1499དང་མི6946གཞིས་ཆགས་ཐུབ་ནས་འཆར་གཞི་ལས་དུད་ཚང16དང་མི113མང་བ།གྲོང་མིའི་བྱེད་སྒོ་སྤེལ་གནས13གྱི་འཛུགས་སྐྲུན་དང་གྲོང་མིའི་བྱེད་སྒོ་སྤེལ་གནས3གྱི་བསྒྱུར་བཀོད་ཨར་ལས་མཐོར་འདེགས་བྱས།སྦྲ་གུར་དང་ཆ་ཚང་སྒྲིག་ཆས1490དང་ཉི་ནུས་འཁུར་བདེ་བརྙན་འཕྲིན2500བགོས་པ།གཞིས་ཆགས་ས15ཡི་གཞུང་ལམ་གཙོ་བོ་དང་འཕྲུལ་ཆས་སྒོ་ཁར་གཏོང་ཐུབ་པའི་ཨར་འདམ་བླུགས་པ།གད་སྙིགས་གཏན་འཇོག་བསྡུ་གནས17བཀོད་སྒྲིག་བྱས་པ་དང་གསང་སྤྱོད་ཁང7ལས་པ།སྦགས་བཙོག་འབུད་གཏོང་བྱེད་སའི་འགྱིག་མདོང6སྦས་པ།གད་སྙིགས་བླུགས་ས36སྤྲད་པ།གློག་སྐྱེལ་སྐུད་ལམ18ཁྲིད་པ།ཉི་ནུས་གཞུང་ལམ་གསལ་སྒྲོན15ལྷུ་སྒྲིག་བྱས་པ།
    འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པར་གཞིགས་ན།རང་ཁུལ་འབྲོག་ཁུལ་དུ་མེ་ཏོག་ལྡུམ་ར་ལྟ་བུའི་གྲོང་གསར་གཅིག་རྗེས་གཉིས་མཐུད་དུ་འབོར་ཐོན་བྱུང་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆ་རྐྱེན་མཆོང་བརྒལ་ཆེན་པོ་བྱུང་ནས་སྤྱི་པའི་ཞབས་ཕྱི་ཞུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།བྱིས་པའི་རྩེ་མོ་རྩེད་སའི་སྒྲིག་ཆས་སྔ་མར་གྲོང་ཁྱེར་གྱི་བྱིས་པ་ལས་མ་གཏོགས་རྩེད་ས་མེད་པས།དེང་སང་འབྲོག་པའི་གཞིས་ཆགས་སར་བྱིས་པའི་རྩེ་མོ་རྩེད་སའི་སྒྲིག་ཆས་ཆུང་གྲས་བཀོད་སྒྲིག་བྱས་པ།པར་འདི་ནི་དར་མདོ་རྫོང་གི་ལྕམ་པ་གྲོང་སྡེའི་བྱིས་པ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེ་མོ་རྩེད་བཞིན་ཡོད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་གྱི་གྲོ
  • ལེ་ཚན་རྗེས་མ།: ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ།
  • དོ་སྣང་ཆེ་བའི་རྩོམ།