ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དག་གིས་སང་ལོའི་ལོ་མགོར་མཱ་ལི་རུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-12-25

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཏི་ལི་ཨང་གིས་ཧྥ་རན་སིའི་རྒྱ་གྲམ་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དག་གིས་སང་ལོའི་དུས་ཚིགས་དང་པོར་མཱ་ལིའི་བྱང་ཕྱོགས་ས་ཁུལ་བཙན་བཟུང་བྱས་པའི་ཐལ་སྤྱོད་ཆོས་ལུགས་རྩ་འཛུགས་དང་འཇིགས་སྐུལ་སྟོབས་ཤུགས་ལ་དམག་དོན་འགུལ་སྐྱོད་སྤེལ་ངེས་རེད་ཟེར།

ལེ་ཏི་ལི་ཨང་གིས་རྒྱ་གྲམ་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དམག་དོན་འགུལ་སྐྱོད་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཧྥ་རན་སི་དང་ཨ་མེ་རི་ཁས་ཨ་ཧྥེ་རི་ཁའི་དམག་དཔུང་དེར་མཁོ་སྒྲུབ་དང་དམག་དོན་ལྟ་ཞིབ། གསང་འཕྲིན། སྦྱོང་བརྡར་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དམག་དོན་འགུལ་སྐྱོད་དེའི་ནང་དོན་ཞིབ་རྒྱས་ད་ལྟ་གཏན་འཁེལ་བྱེད་བཞིན་ཡོད། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པར་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་མཱ་ལིའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་ཇུས་གཞི་རྙེད་མེད་ཟེར།

ལེ་ཏི་ལི་ཨང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅུ་གསུམ་ལོའི་ལོ་མགོ་ནས་བཟུང་། མཱ་ལི་རུ་དམག་དོན་མི་སྣ་བཞི་བརྒྱ་མངག་གཏོང་བྱས་ཏེ། མཱ་ལིའི་སྦྱོང་བརྡར་དང་དམག་དཔུང་བསྐྱར་འཛུགས་ལ་རོགས་རམ་བྱས་ནས་མཱ་ལིའི་བྱང་ཕྱོགས་ས་ཁུལ་ཕྱིར་འཕྲོག་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་
  • ལེ་ཚན་རྗེས་མ།:ཧཱ་སག་སི་ཐན་གྱིས་ཚེས27ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་ཁྱབ་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།