གྲོང་ཁྱེར་ལྷ་ས།

    གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་དྲངས།    2010-09-16

གྲོང་ཁྱེར་ལྷ་ས་ནི།ལོ་ངོ་ཆིག་སྟོང་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་དུས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལ།ད་ལྟའང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད།ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འོ་མཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བ་འམ།སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ལྷ་ཇོ་ཤྰཀ་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུངས་སྲོལ་མི་འདྲ་བ་ཡོད།ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི།སྤྱི་ལེ་ངོས་སྙོམས་༤༩ལྷག་ཙམ་དང་།མི་འབོར་ཁྲི་༣༧ལྷག་ཙམ།རྒྱ་མཚོའི་ངོས་མས་སྤྱི་ཁྲི༣༦༥༠ཙམ་གྱིས་མཐོ་བའི་ས་བབས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་ཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞེས་ཟེར།གྲོང་ཁྱེར་འདིར་ཕེབས་དགོས་ན་བར་ཁམས་ཆབ་མདོ་གྲོང་རྡལ་ནས་སྤྱི་ལེ་༡༠༦༢ཙམ་དང་ལྷོ་ཁ་རྩེད་ཐང་གྲོང་རྡལ་ནས་སྤྱི་ལེ༡༩༡ཙམ།གཙང་གཞིས་རྩེ་གྲོང་རྡལ་ནས་སྤྱི་ལེ༢༨༠ཙམ་སྟོད་མངའ་རིས་སེང་གེ་མཁའ་བབས་གྲོང་རྡལ་ནས་སྤྱི་ལེ༡༧༠༠ཙམ།བྱང་ནག་ཆུ་གྲོང་རྡལ་ནས་སྤྱི་ལེ༣༢༦ཙམ།ཀོང་པོ་ཉི་ཁྲི་གྲོང་རྡལ་ནས་སྤྱི་ལེ་༤༦༤ཙམ།སྒོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ་༡༡༦༥ཙམ།སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ༢༤༡༥ཙམ་བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་རེད།
  • ལེ་ཚན་སྔོན་མ།:གངས་ཏི་སེ།
  • ལེ་ཚན་རྗེས་མ།:ཕ་བོང་ཁ