ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-12-21

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅུ་དྲུག་དང་སྐར་མ་བཅུའི་སྟེང་ཀྲུང་ནན་ཧེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད། ཞང་ཀང་གི་དེང་སྐབས་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ་ཚང་མས་ཧ་ཅང་སེམས་ཁུར་བྱེད་བཞིན་པ་ནི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་བྱུང་རྗེས། ཀྲུང་དབྱང་གིས་ཞང་ཀང་དང་ཨོ་མིན་ཐད་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས་ལ་འགྱུར་ལྡོག་ཡོད་མེད་དེ་ཡིན། བདག་གིས་གོ་སྐབས་འདི་དང་བསྟུན་ནས་ནན་བཤད་བྱེད་རྒྱུ་ནི་ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་པའི་བྱེད་ཕྱོགས་འགྱུར་མི་སྲིད་པ་དང་། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ལ། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས། དམངས་གཙོ་ལ་ཡར་སྐུལ་བྱེད་པ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱང་ནམ་ཡང་འགྱུར་མི་སྲིད་པ་དེ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་བབ་ཧ་ཅང་བཟང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མདུན་ལྗོངས་རྒྱ་ཆེན་པོ་དེ་ད་ལྟ་ང་ཚོའི་མདུན་དུ་མངོན་ཡོད། རྒྱ་ཆེའི་ཞང་ཀང་སྤུན་ཟླས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཡོད་ཚད་འདོན་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཏི་ཅང་སོགས་འབྲེལ་ཡོད་མགོ་ཁྲིད་པ་མཇལ་འཕྲད་ལ་ཞུགས།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་འཕུར་མདའི་འགོག་སྲུང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡ
  • ལེ་ཚན་རྗེས་མ།:ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དག་གིས་སང་ལོའི་ལོ་མགོར་མཱ་ལི་རུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།