ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་མངོན་གསལ་ཆེ་བའི་གནད་དོན་འགའ།

        2012-12-20

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་རང་རྒྱལ་འབྱུང་འགྱུར་གྱི་ལོ་ལྔ་ནང་གི་ཚོད་འཛིན་དང་གནད་ཆེའི་ལས་ཀ་གཏན་ཁེལ་བྱས།
གཅིག རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོ གས་ཆགས་པར་བྱེད་པ་དང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་དེ་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐོག་བསྒྱུར་བ།ཚོང་ར་རིགས་ཁག་གི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་གཏོང་བའི་སྐྱེ་སྟོབས་གསར་པ་འཕེལ་གང་ཐུབ།གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཇེ་ཆེར་གཏོང་བར་ཤུགས་སྣོན།དེང་རབས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་ལག་གསར་པ་འཛུགས་ཤུགས་ཆེ་རུ་གཏོང་བ།སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྱད་ཐོན་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུན་རིང་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས།
    གཉིས། གྲོང་མིའི་ཡོང་འབབ་ལྡབ་འཕར་ཡོང་ཐབས་བྱ་རྒྱུ་གཏན་ཁེལ་མངོན་གསལ་བྱེད་པ་དང་།དམིགས་ཚད་ཅན་གྱི་དམིགས་ཡུལ་དེ་བས་གཏན་ཁེལ་གསལ་པོབྱས་ཡོད།སྙན་ཞུའི་ནང་བསྟན་དོན།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཡར་རྒྱས་གལ་ཆེན་བྱུང་བ་བྱ་དགོས།འདི་ནི་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག“དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ”དེས་སྔོན་མའི་དཔལ་འབྱོར་འཕར་སྣོན་ཡོང་སྟངས་བསྒྱུར་བར་ཚབ་བྱས་རྗེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་དོན་ལ་འཕོ་འགྱུར་གལ་ཆེན་བྱེད་པར་ཞིབ་བཤད་བྱེད་པའི་བྱེད་ཐབས་གསར་པ་ཞིག་རེད།སྙན་ཞུའི་ནང2020་ལོར་སླེབས་དུས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་བར་མངོན་འགྱུར་གང་ཐུབ་བྱ་དགོས་པའི་གཏན་ཁེལ་གསལ་པོ་བྱས་ཡོད།
   གསུམ། ངལ་རྩོལ་གྱི་ཐོབ་ཆས་ཐོག་མའི་བགོ་བགྲེམ་ཁྲོད་དུ་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་དགོས་རྒྱུ་དང་། བགོ་འགྲེམ་བསྐྱར་མ་བྱེད་དུས་དེ་བས་ཀྱང་དྲང་སྙོམ་ཡོང་བར་དོ་སྣང་བྱ་དགོས།སྙན་ཞུའི་ནང་བསྟན་དོན།ཐབས་ལམ་སྣ་མང་བརྒྱུད་ནས་གྲོང་མིའི་ནོར་སྲིད་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་དང་།གྲོང་མིའི་ཡོང་འབབ་ཀྱིས་རྒྱལ་དམངས་ཡོང་འབབ་བགོ་འགྲེམ་ཁྲོད་དུ་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ།  ངལ་རྩོལ་གྱི་ཐོབ་ཆས་ཐོག་མའི་བགོ་བགྲེམ་ཁྲོད་དུ་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།
  བཞི། སྨན་བཅོས་ཞབས་ཞུའི་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལས་ཀར་སྐུལ་འདེད་བཏང་ནས་གྲོང་གསེབ་དང་མི་རིགས་ཀྱི་སྨན་བཅོས་བྱ་གཞག་ལ་དོ་སྣང་བྱེད་དགོས། ཐེངས་འདིའི་སྙན་ཞུའི་ཐོག་ གྲོང་གསེབ་གཙོ་གནད་དུ་འཛིན་པ་དང་ཀྲུང་ལུགས་དང་ནུབ་ལུགས་ཀྱི་སྨན་བཅོས་གཉིས་ཀ་གལ་ཆེར་འཛིན་ནས་སྨན་བཅོས་འགན་སྲུང་དང་།སྨན་བཅོས་ཞབས་ཞུ།སྤྱི་པའི་འཕྲོད་བསྟེན། སྨན་རྫས་མཁོ་སྤྲོད།  ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅས་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་པར་མ་ཟད། ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱ་དགོས་པ་དང་།དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།ནད་གཞི་ཚབས་ཆེན་དང་ལྷག་པར་ཚབས་ཆེན་གྱི་འགན་སྲུང་རོགས་སྐྱོར་ལམ་སྲོལ་འཛུགས་དགོས་རྒྱུ་བཏོན་ཡོད་པ་རེད། 
     ལྔ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་དཔྱད་ཞིབ་མ་ལག་ནང་འཇོག་དགོས། སྙན་ཞུའི་ཐོག་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་གནོད་འཚེ། སྐྱེ་ཁམས་ཀྱི་ཕན་ནུས་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་མ་ལག་ནང་འཇུག་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་མངོན་ཐུབ་པའི་དམིགས་ཚད་མ་ལག་དང་།དཔྱད་ཞིབ་བྱེད་ཐབས།གཟིགས་བཟོས་ཉེས་འགེལ་ལམ་སྲོལ་བཅས་འཛུགས་དགོས་པར་མ་ཟད། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ཀྱི་རིན་གོང་དང་ཁྲལ་གྲོན་བསྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་སྤེལ་ནས།ཚོང་རའི་མཁོ་འདོན་དང་ཐོན་ཁུངས་དཀོན་ཚད་མཚོན་པ་དང་།སྐྱེ་ཁམས་ཀྱི་རིན་ཐང་མཚོན་པ་དང་མི་རབས་གཉིས་པར་ཁ་གསབ་བྱེད་པའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་དགོས་ཅེས་བསྟན་པ་རེད།
   དྲུག། རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་ཐོན་ལས་སུ་འགྱུར་དགོས། སྙན་ཞུའི་ཐོག་རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་རང་བཞིན་གྱི་ཐོན་ལས་སུ་གྱུར་དགོས་པ་དང་། དཔེ་གསར་ཅན་གྱི་རིག་གནས་རྣམ་པ་འཕེལ་རྒྱས་བཏང་ནས་རིག་གནས་ཐོན་ལས་གཞི་ཁྱོན་ཅན་དང་།ཞིབ་ལས་ཅན།ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཅེས་བསྟན་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་སྲུང་གཞུང་ལམ317དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་ཁྲོ་ལའི་ཕུག་ལམ་བསྐྱར་སྐྲུན་དང་རྒྱས་སྐྲུན་ཨར་ལས་ཐ
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་གྱི་གྲོ
  • དོ་སྣང་ཆེ་བའི་རྩོམ།