ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༢༽

        2012-11-29

ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས། ༼༢༽
ཨུཏྤལ་དམར་པོ།
    སྡེ་ཁོངས།རྒྱ་མེན་མེ་ཏོག་གི་སྡེ།
    ཨུཏྤལ་གྱི་ཁོངས་གཏོགས།
    སྐྱེ་གནས།བོད་ལྗོངས་ཡོངས་སུ་སྨི་༡༨༠༠དང་༤༣༠༠བར་སྐྱེས་ཡོད།
    རོ།རོ་མངར་ལ་བསྐ་བ།
    རྐྱང་པའི་ཕན་ཡོད།ནུས་པས་གློ་བ་དང་མཆིན་པའི་ཚད་པ་འཇོམས།གྲེ་བ་ཚ་འགག་སེལ་ཞིང་ཚད་པ་སྤྱི་ལ་ཕན། ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས། ༼༢༽

མཁན་དཀར།
    སྡེ་ཁོངས། དྲང་སྲོང་མེ་ཏོག་གི་སྡེ་མཁན་པའི་ཁོངས་གཏོགས།སྐྱེ་གནས།རང་ལྗོངས་ཀྱི་སྨི༡༥༠༠དང་༣༨༠༠བར་གྱི་ས་གནས་ཡོངས་ཀྱི་རི་ཀླུང་གང་སར་སྐྱེ་བ།
    རོ།རོ་ཁ་ལ་ཚ་བ།
    རྐྱང་པའི་ཕན་ཡོན།སྣ་ཁྲག་སོགས་ཁྲག་ཤོར་གྱི་རིགས་དང་།རླུང་ནད་ཀྱིས་ཡན་ལག་སྐྲངས་པ་སོགས་ལ་ཕན།ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས། ༼༢༽

ཨུཏྤལ་སེར་པོ།
    སྡེ་ཁོངས།རྒྱ་མེན་མེ་ཏོག་གི་སྡེ།ཨུཏྤལ་གྱི་ཁོངས་གཏོགས།སྐྱེ་གནས།བོད་ལྗོངས་ཀྱི་སྨི་༣༨༠༠དང་༤༠༠༠བར་གྱི་ས་གནས་ཕལ་ཆེ་བ་དང་།རི་ལྡེབས་ཀྱི་སྤང་དང་ཕྱུགས་ལྷས་རྙིང་པ།ཆུ་རྒྱུག་ཤུལ་སོགས་ལས་སྐྱེ་བ་མང།
རོ། རོ་མངར་བ།
    རྐྱང་པའི་ཕན་ཡོད།ནུས་པས་གློ་བ་དང་མཆིན་པའི་ཚད་པ་འཇོམས།གྲེ་བ་འགག་སེལ་ཞིང་ཚད་པ་སྤྱི་ལ་ཕན།ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས། ༼༢༽

སྔོ་རྟ་ལྤགས་ནག་པོ།
    སྡེ་ཁོངས།མཆུ་དབྱིབས་ཀྱི་མེ་ཏོག་གི་སྡེ།སྔོ་རྟ་ལྤགས་ཀྱི་ཁོངས་གཏོགས།
    སྐྱེ་གནས།བོད་ལྗོངས་ཡོངས་ཀྱི་ས་མཐོའི་སྨི2700དང་4500བར་གྱི་ས་གནས་ཕལ་ཆེ་བའི་རི་ཀླུང་གང་དུ་བཞའ་ཚད་ཆེ་སའི་སྤང་དང་ན་གཤོངས་སུ་སྐྱེས་པ་མང་།
    རོ། རོ་ཅུང་ཟད་མངར་ཞིང་ཁ་བ།
    རྐྱང་པའི་ཕན་ཡོན།རུས་པ་གས་ཆག་ཤོར་བ།རིམས་ཚད།གཉན་ཚད་རྒྱས་པ།རྨ་ལ་ཚ་བ་རྒྱག་པ།རུས་ཚིགས་སོགས་ལ་ཆུ་སེར་རྒྱས་པ།སྲིན་གྱི་ནད་སོགས་ལ་ཕན།
    




  • ལེ་ཚན་སྔོན་མ།:ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10