ཕྲུ་གུའི་གློ་བའི་ཚ་ནད་ཡིན་མིན་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།

        2010-04-28

གློ་བའི་ཚ་ནད་ནི་ཕྲུ་གུའི་རྒྱུན་མཐོང་ནད་གཞི་དང་འཕོག་མང་བའི་ནད་གཞི་ཞིག་ཡིན་ཞིང་ཕ་མ་ལ་ལས་གློ་བའི་ཚ་ནད་ནི་ཆམ་ནད་ཡིན་པ་རེད་སྙམ་ཏེ་ཕྲུ་གུར་སྨན་བཅོས་བྱེད་ནོར་ཤོར་སྟབས་ནད་གཞི་སྡུག་ཏུ་འགྲོ་གི་ཡོད་པ་རེད།ཕྲུ་གུའི་གློ་བའི་ཚ་ནད་ཡིན་མིན་ངོས་འཛིན་ཇི་ལྟར་བྱེད་དགོས་སམ་ཞེ་ན།
གཅིགགཟུགས་པོའི་ཚ་བར་ལྟ་དགོས།ཕྲུ་གུར་གློ་བའི་ཚ་ནད་ཕོག་རྗེས་རྟག་ཏུ་གློ་བུར་དུ་ཚ་བ་རྒྱས་ཤིང་ཐོག་མར་ཚ་བ་ཏུའུ་38—39ལ་སླེབས་པ་དང་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་ཆབས་ཅིག་ཚ་བ་ནི་ཏུའུ40ཡན་བར་འཕར་གྱི་ཡོད་པ་རེད།ཡིན་ནའང་ལོ་ན་ཆུང་བའམ་ཡང་ན་གཟུགས་གཞི་ཞན་དྲགས་པའི་ཕྲུ་གུ་དམར་འབྱར་ལ་ནད་གཞི་ཐོན་འགོར་བ་དང་གོང་གསལ་གྱི་ནད་རྟགས་ཀྱང་མངོན་གསལ་དོད་པོ་མེད་རུང་རྒྱུན་དུ་འོ་མ་འགག་པའམ་ཡང་ན་སྐྱུག་པའི་ནད་རྟགས་ཐོན་པ་དང་ཐ་ན་འོ་མ་སྟེར་ཚར་རིམ་བཞིན་འོ་མ་ཚང་མ་སྣ་ཁུང་ནས་དོན་ཡོང་གི་ཡོད་པ་དང་།
གཉིས།གློ་རྒྱག་ལ་ལྟ་དགོས།གློ་བའི་ཚ་ནད་ཕོག་པའི་ཐོག་མའི་དུས་ཀྱི་ནད་རྟགས་གཞན་ཞིག་ནི་གློ་རྒྱག་པའམ་ཡང་ན་ལུད་པའི་སྒྲ་ཡོད་པ་དེ་ཡིན་ཞིང་གློ་བའི་ཚ་ནད་འཕོག་རྒྱུ་ཚབས་ཇི་ཙམ་ཆེ་ན་གློ་རྒྱག་རྒྱུ་དེ་བས་མང་བ་ཡོད་པ་དང་སྐབས་འགར་གློག་བརྒྱབ་ནས་ངོ་གདོང་དང་རྣ་བ་དམར་པོར་གྱུར་བ་དང་ངུ་མཚམས་ཡང་ཆོད་ཀྱི་མེད།ཕྲུ་གུས་ལུད་པ་དབྱུགས་མི་ཤེས་སྟབས་རྟག་ཏུ་ལུད་པ་ཁྱུར་མིད་གཏོང་གི་ཡོད་པས་ཕ་མས་དེར་ཡིད་ཟབ་བྱེད་དགོས་པ།
གསུམ།དབུགས་གཏོང་སྟངས་ལ་ལྟ་དགོས།དབུགས་གཏོང་ཁག་པོ་ཡོད་པ་དེའང་ཕྲུ་གུའི་གློ་བའི་ཚ་ནད་ཀྱི་ནད་རྟགས་གཙོ་བོ་ཞིག་ཡིན་ཞིང་ཕྲུ་གུར་གློ་བའི་ཚ་ནད་ཕོག་རྗེས་དབུགས་གཏོང་ལེན་བྱེད་མགྱོགས་སུ་ཕྱིན་ནས་སྐར་མ་རེར་ཐེངས་བདུན་ཅུ་བརྒྱད་ཅུ་ལོན་པ་དང་ཚབས་ཆེ་བར་དབུགས་ཧལ་མཚམས་མི་ཆོད་པ་དང་ཐ་ན་མཆུ་ཏོ་དང་སེན་མོ་སྨུག་པོར་གྱུར་པ་སོགས་ཀྱི་གསོ་རླུང་མི་ལྡང་བའི་ནད་རྟགས་ཐོན་པ་བཅས་རེད།
གཞན་ཡང་བྱིས་པ་ལ་ལར་གློ་བའི་ཚ་ནད་ཕོག་རྗེས་ད་དུང་གྲོད་པ་བཤལ་བ་དང་སེམས་པ་མི་སྐྱིད་པའམ་ཡང་ན་གཉིད་ལ་དགའ་བ་དང་།དངངས་སྐྲག་སྐྱེ་བ།དྲན་པ་ཐོར་བ་སོགས་དབང་རྩའི་མ་ལག་ལ་དུག་འཕོག་པའི་ནད་རྟགས་ཐོན་གྱི་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཁྱེད་ལ་ཕྲུ་གུ་སྤྱང་གྲུང་ལྡན་པ་ཞིག་སྐྱེ་སྙམ་གྱི་འདུག་གམ།
  • ལེ་ཚན་རྗེས་མ།:བུད་མེད་ཀྱིས་ཁུར་པོ་ལྗིད་པོ་འཁུར་རྒྱུ་མེད།
  • དོ་སྣང་ཆེ་བའི་རྩོམ།