འབའ་གཞས་ཐོར་བུ།

རྒྱ་མཚོ།        2010-09-01

རང་ཚོ་ལོ་ཆུང་ཚང་མ། །  གནམ་ལ་སྐར་མ་འཛོམས་པ།
སྐར་མ་མི་གྲམ་བར་ལ།  །  ལོ་ཆུང་བྲལ་ས་མ་རེད། །
 
རང་ཚོ་ལོ་ཆུང་ཚང་མ། ། མཚོ་མོ་ཟུར་གྱི་མེ་ཏོག །
མཚོ་མོ་མི་བསྐམ་བར་ལ། ། ལོ་ཆུང་བྲལ་ས་མ་རེད།  །
 
རང་ཚོ་ལོ་ཆུང་ཚང་མ། །  རྩ་བ་གཅིག་གི་རྩེ་མོ། །
རྩེ་མོ་རླུང་གིས་གཡོ་དུས། །རྩ་བ་འགུལ་སྐྱོད་མ་འོང།།
 
  • ལེ་ཚན་སྔོན་མ།: བྲོ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཐིག་ཐ་ཞབས་བྲོ་ངོ་སྤྲོད་མདོར་བསྡུས། །