མཁའ་འགྲོ་མ་ཏཱ་རེ་ལྷ་མོ།

མཚོ་བྱུང་བཞད་པ་རྡོ་རྗེ།        2012-10-09

མཁའ་འགྲོ་མ་ཏཱ་རེ་ལྷ་མོ་ནི༼1938―2000༽བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་ཨ་པང་གཏེར་ཆེན་གྱི་སྲས་མོ་རུ་སྐུ་འཁྲུངས།གླིང་གི་དྭངས་སྨན་ནེའུ་ཆུང་གཡུ་ཡི་མེ་ཏོག་གི་རྣམ་སྤྲུལ་ཡིན་པར་བཤད།དགུང་ལོ་ཆུང་དུས་ནས་བཟུང་རིམ་གྱིས་ཡི་གེ་འབྲི་ཀློག་སྦྱོང་བ་ནས་རྫོགས་པ་ཆེན་པོའི་ཆོས་མང་པོར་གསན་སྦྱང་མཛད་དེ་རྟོགས་པའི་ཉམས་སད། ལས་རུང་སྒོམ་ཞིང་མཉམ་བཞག་ཁོ་ནར་ཐུགས་བརྩེ་གཅིག་ཏུ་གཞོལ་བར་ཡེ་ཤེས་ཀྱི་ཀློང་བརྡོལ་ཏེ་རྫོགས་པ་ཆེན་པོའི་ཆོས་ཀྱི་སྙིང་པོ་ཐུགས་རྒྱུད་དུ་འཁྲུངས། ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་མཁའ་འགྲོ་ཏཱ་རེ་ལྷ་མོ་ཡབ་ཡུམ་གཉིས་ཀྱིས་ཐུགས་གཏེར་ནམ་མཁའ་མཛོད་ལས་གདན་དྲངས་པའི་ཟབ་གཏེར་དངོས་གྲུབ་ཀྱི་བདུད་རྩི་འཇོ་བའི་སྒྲུབ་ཐབས་སྣ་ཚོགས་དང་གསོལ་འདེབས།མ་འོངས་ལུང་བསྟན་གྱི་བརྡ་བྱང་རྒྱ་ཆེན་ཕབ་པ་དང་མཉམ་གཅིག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་གཏེར་སྒྲུང་སྐོར་ལ་༼ཨ་ཁྱུང་ཀེ་རུའི་ཆོས་རྫོང་༽དང་༼གེ་སར་གསོལ་མཆོད་༽༼གེ་སར་སྒྲུབ་ཐབས་༽༼འཇང་སྲས་གཡུ་ལྷ་ཐོག་འགྱུར་གྱི་གསོལ་མཆོད་༽སོགས་ངོ་མཚར་བའི་ཁྱད་ཆོས་ལྡན་པའི་གཏེར་སྒྲུང་དུ་མ་ཕབ་སྟེ་གཏེར་སྒྲུང་རྒྱུད་འཛིན་དང་དར་སྤེལ་གཏོང་བར་མཛད་རྗེས་བླ་ན་མཐོ་བར་བཞག་རྗེས་སུ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།
  • ལེ་ཚན་སྔོན་མ།:གཏེར་སྟོན་ཆེན་པོ་སེ་ར་ཡང་སྤྲུལ།
  • ལེ་ཚན་རྗེས་མ།:གཏེར་སྟོན་ཆེན་པོ་རིག་འཛིན་ནུས་ལྡན་རྡོ་རྗེ།